མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཅི་ཏིས་མཱ་ཅ་དང་ཀྲང་ཀོང་རོང་། བརྟན་ཁོ། ད་དུང་ཁོངས་མི་སོ་སོ་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ནན་ཏན་གྱིས«མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གྱི་སྔོན་ཐོན་དཔེ་མཚོན་གདམ་འཛུགས་བྱེད་པའི་སྐོར་གྱི་བསམ་འཆར་»ཞེས་པ་དང«ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱས་ཏེ་ལོ་འཁོར་གཅིག་ལོན་པའི་རྟོག་ཞིབ་བྱ་བའི་ཇུས་གཞི»ཞེས་པར་ཞིབ་འཇུག་གྲོས་བསྡུར་བྱས། བརྟན་ཁོ་ཡིས་དཔེ་མཚོན་གདམ་འཛུགས་དང་གཅིག་བསྡུས་ཀྱིས་རྟོག་ཞིབ་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

ཝང་ཅན་ཅོན་གྱིས་བསྟན་དོན། གསར་འཛུགས་བྱ་བ་སྤེལ་བའི་ལོ་གཅིག་ནང་། མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་། རིམ་པ་སོ་སོའི་ཏང་ཨུ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་དཀའ་སྤྱད་འབད་བརྩོན་འོག གྲུབ་འབྲས་མངོན་གསལ་བླངས་ནས། ཞིང་ཆེན་ཡོངས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་བ་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁས་ལེན་གང་ལེགས་ཐོབ་པ་དང་། གསར་འཛུགས་བྱ་བར་རྩིས་བཤེར་དང་སྤྱི་བསྡོམས་བྱེད་པ་དང་། རྒྱུ་སྤུས་མཐོར་འདེགས་བྱེད་པའི་དམིགས་ཡུལ་ནི་དེའི་རྨང་གཞིའི་སྟེང་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཡིན། ཐེངས་འདིར་བཀོད་སྒྲིག་བྱས་པའི་དཔེ་མཚོན་གདམ་འཛུགས་དང་གཅིག་བསྡུས་ཀྱིས་རྟོག་ཞིབ་བྱེད་པའི་བྱ་བས་དེའི་ཐད་ཀྱི་གནད་འགག་བཟུང་བ་དང་གནད་དོན་མཐོང་ལ། བྱེད་ཐབས་རྙེད་པས། ང་ཚོས་བདེན་འཚོལ་དངོས་གཉེར་གྱི་སྒོ་ནས་བྱ་བར་དམ་འཛིན་བྱས་ན། གསར་འཛུགས་བྱ་བའི་གནས་བབ་གསར་བ་ཞིག་གསར་སྤེལ་བྱེད་ཐུབ་པ་ཁོ་ཐག་ཡིན་ཟེར།

ཝང་ཅན་ཅོན་གྱིས། དཔེ་མཚོན་གདམ་འཛུགས་དང་གཅིག་བསྡུས་ཀྱིས་རྟོག་ཞིབ་བྱེད་པའི་བྱ་བར་རྩ་འཛུགས་དང་སྣེ་ཁྲིད། ལག་བསྟར་བཅས་བཟང་བོ་བྱེད་དགོས་ན། ཕྱོགས་ལྔའི་ཐད་ནས་ངེས་པར་དུ་དམ་འཛིན་བྱེད་དགོས་ཏེ། གཅིག ཐུན་མོང་གི་ལྟ་ཚུལ་གཅིག་ཏུ་སྒྲིལ་བ། གཉིས། དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ། གསུམ། འགུལ་སྐྱོད་བྱེད་པ། བཞི། ཕན་ཚུན་གཞོགས་འདེགས་བྱེད་པ། ལྔ། མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་རེད། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་མགོ་ཁྲིད་གཙོ་བོས་རེ་བ་འདོན་དགོས་པར་མ་ཟད་དངོས་སུ་དམ་འཛིན་བྱས་ནས། རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་རིམ་པ་རེ་རེ་ནས་ལག་བསྟར་བཟང་བོ་བྱས་ཏེ། དཔེ་མཚོན་གདམ་འཛུགས་དང་གཅིག་བསྡུས་ཀྱི་རྟོག་ཞིབ་བྱེད་པའི་བྱ་བ་བཟང་བོ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག