མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“བོད་ཁུལ་ལྔའི་རིག་སྒོ་འགག་པའི་བྱིས་པ་དང་བགྲེས་པོའི་གླེན་ནད་སྔོན་འགོག་བྱེད་པའི་རྣམ་གྲངས”མཚོ་སྔོན་ས་ཁུལ་གྱི་ལས་གཞི་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ། བསམ་འཕེལ་ནོར་བུ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-10 11:29

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་རིགས་སྨན་བཅོས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། པེ་ཅིན་བོད་ལུགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་གངས་ལྗོངས་སྤྱི་ཚོགས་རོགས་སྐྱོབ་འཕེལ་རྒྱས་ལྟེ་གནས་ཀྱིས་འགན་སྒྲུབ་མཛད་པའི“བོད་ཁུལ་ལྔའི་རིག་སྒོ་འགག་པའི་བྱིས་པ་དང་བགྲེས་པོའི་གླེན་ནད་སྔོན་འགོག་བྱེད་པའི་རྣམ་གྲངས”མཚོ་སྔོན་ས་ཁུལ་གྱི་ལས་གཞི་རྣམ་གྲངས་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས།

“བོད་ཁུལ་ལྔའི་རིག་སྒོ་འགག་པའི་བྱིས་པ་དང་བགྲེས་པོའི་གླེན་ནད་སྔོན་འགོག་བྱེད་པའི་རྣམ་གྲངས”མཚོ་སྔོན་ས་ཁུལ་གྱི་ལས་གཞི་རྣམ་གྲངས་འགོ་རྩོམ་པའི་མཛད་སྒོ།

    ལས་གཞིའི་རྣམ་གྲངས་འདི་ནི2014ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་རྩ་འཛུགས་སྤྱི་ཚོགས་ཞབས་ཞུར་ཞུགས་པའི་རྣམ་གྲངས་ཤིག་ཡིན་ལ། འདིས་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་དམངས་སེམས་གསོ་པའི་ལས་གཞི་རྣམ་གྲངས་ལག་ལེན་དངོས་འབེབས་བྱེད་པ་དང་། སྤྱི་ཚོགས་ཀྱིས་བོད་ཁུལ་མི་དམངས་དང་ཉམ་ཆུང་ཞིང་སྟོབས་ཞན་པའི་དམངས་ལ་དོ་ཁུལ་བྱེད་ཚད་ཇེ་མཐོར་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ལ་སྐུལ་འདེད་བྱེད་པ། དུས་ཡུན་རིང་བོར་མི་འདོད་ནད་ཀྱི་ནར་ནས་མི་རྣམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་བཟོ་བཞིན་ཡོད་པ། རིག་སྒོ་འགག་པའི་བྱིས་པ་དང་བགྲེས་པོའི་གླེན་ནད་སོགས་ནད་རིགས་ཐད་ཀྱི་སྔོན་འགོག་གི་ཤེས་བྱ་ཁྱབ་བསྒྲགས་བྱས་ཏེ། བོད་ཁུལ་གྱི་མིའི་སྤུས་ཚད་ཇེ་མཐོར་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཐུབ་ངེས་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག