མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཞིབ་བྱ་བའི་བརྙན་འཕྲིན་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:28

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས9ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བའི་བརྙན་འཕྲིན་ཚོགས་འདུ་བསྡུས་ནས། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་ཐད་ཀྱི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། འདས་ཟིན་པའི་ལོ་ལྔའི་སྐོར་ཞིབ་བྱ་བ་སྤྱི་བསྡོམས་དང་རྗེས་ཕྱོགས་ཀྱི་སྐོར་ཞིབ་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་གཏམ་བཤད་གལ་ཆེན་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་གྱིས་ཚོགས་འདུར་མགོ་འཛིན་བྱས།

    ཝང་ཅན་ཅོན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་སྐོར་ཞིབ་བྱ་བར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཀྱང་ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་བྱེད་པ་དང་། བྱ་བའི་སྙན་ཞུ་ལ་ཉན་པ། གནད་དོན་ཆེན་པོར་ཞིབ་འཇུག་བྱེད་པ། དུས་ལྟར་ཐབས་ཇུས་བཀོད་སྒྲིག་བྱེད་པ་བཅས་བྱས་ནས། སྐོར་ཞིབ་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཨུས་རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱེད་པ་དང་། རང་འགུལ་གྱིས་བྱ་བར་གཞོགས་འདེགས་བྱེདཔ། ནན་ཏན་གྱིས་དག་ཐེར་བཅོས་བསྒྱུར་བྱེད་པ། སྐོར་ཞིབ་ཀྱི་གྲུབ་འབྲས་བེད་སྤྱོད་བཟང་བོ་བྱེད་པ་བཅས་བྱེད་དགོས་ཟེར།རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་དཀྱིལ་སྙིང་དང་དམ་དུ་དམིགས་ནས་བསམ་ཕྱོགས་འཆར་འགོད་དང་བྱེད་ཐབས་ལག་བསྟར། ལྟ་སྐུལ་བྱ་བ་སྤེལ་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས་དང་མི་དོན་ལས་ཁུངས། རྩིས་བཤེར་སོགས་ལས་ཁུངས་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། གནད་དོན་སེམས་ལ་བཅངས་ནས་སྐོར་ཞིབ་བྱེད་དགོས་པ་དང་། སྐོར་ཞིབ་ཁྲོད་ནས་རྙེད་པའི་གཏན་ཁེལ་དང་འགལ་ཞིང་དུས་ལྟར་ཐག་གཅོད་ཐུབ་པའི་གནད་དོན་ལ། མྱུར་དུ་དག་ཐེར་བཅོས་བསྒྱུར་གྱི་བསམ་འཆར་འདོན་དགོས་པ་དང་། དག་ཐེར་བཅོས་བསྒྱུར་བྱས་པའི་གནས་ཚུལ་དེ་ཏང་ནང་ནས་ཁྱབ་སྒྲོག་དང་སྤྱི་ཚོགས་ལ་ཕྱིར་སྒྲོག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག