མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་གནོད་འགོག་གནོད་སེལ་གྱི་བྱ་བར་བཀོད་སྒྲིག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟླ་ལྔ་བའི་ཚེས་བདུན་ཉིན་ཟི་ལིང་ནས་ཚོགས་པ་དང་། ཚོགས་ཐོག་ནས་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་གནོད་འགོག་གནོད་སེལ་བྱ་བར་སྤྱི་བསྡོམས་དང2014ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནོད་འགོག་གནོད་སེལ་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། གནོད་འགོག་གནོད་སེལ་བྱ་བ་དེ་རྒྱུན་མཐུད་ནས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་ནང་དོན་གཙོ་བོར་བརྩིས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་དུ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་གཞིར་བཟུང་ནས། གཅིག་གྱུར་གྱིས་བཀོད་འདོམས་དང་མཐུན་སྦྱོར་ངང་མཉམ་དུ་འགུལ་སྐྱོད་བྱེད་པའི་སྒྲིག་གཞི་སྒྲིག་སྲོལ་བཙུགས་པ་མ་ཟད་འཐུས་ཇེ་ཚང་དུ་བཏང་བས། གནོད་འགོག་གནོད་སེལ་བྱ་བའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས། དེ་དང་མཉམ་དུ། ང་ཚོས་ཀྱང་གནོད་འགོག་གནོད་སེལ་བྱ་བའི་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན། དཀའ་སྡུག་རང་བཞིན་ལ་རྒྱུས་ལོན་གང་ལེགས་བྱས་ནས། རང་རྟོགས་ཀྱིས་གནོད་འགོག་གནོད་སེལ་བྱ་བ་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྤྱི་ཁོག་ཁྲོད་འདྲེས་པར་བྱས་ཏེ། མགོ་འཛུགས་ས་སྔར་ལས་མཐོན་པོ་དང་རིམ་པ་སྔར་ལས་མཐོན་པོ་ནས་གནོད་འགོག་གནོད་སེལ་བྱ་བར་འཆར་འགོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག