མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་འབྲེལ་ཡོད་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱིའི་རེ་བ་དང་། དེར་སློབ་སྦྱོང་བྱེད་པའི་བྱེད་ཐབས་དང་གོ་རིམ། བརྒྱུད་རིམ་བཅས་སོ་སོའི་གནད་སའི་བྱ་བ་དང་བྱ་བའི་འཁོར་སྐྱོད་གནས་ཚུལ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། དེང་སྐབས་རྫོང་ཡོངས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ཞང་དང་གྲོང་རྡལ་དང་སྡེ་ཁག ལས་ཁུངས་ཁ་ཤས་བཅས་ཀྱིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་བྱ་བའི་ཁྲོད་གནད་ས་ཁོང་དུ་ཆུད་པ་མི་འདང་བ་དང་བྱེད་ཐབས་དང་གོ་རིམ་མི་གསལ་བ། རྒྱུ་ཆ་བསྡུ་སྒྲིག་བྱས་པ་ཚད་ལྡན་མིན་པ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་དོན་དང་གནད་སར་རྒྱུས་ལོན་བྱས་པ་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཐུན་ཏེ་རྫོང་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་སྔ་དྲོར་རྫོང་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་འབྲེལ་ཡོད་མི་སྣར་གསོ་སྦྱོང་བྱེད་པའི་འཛིན་གྲྭ་བསྒྲུབས། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་གྱི་འགན་ཁུར་པ་གཙོ་བོ་དང་རྫོང་ཏང་ཨུའི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་དང་། མཛུབ་སྟོན་མི་སྣ་བཅས་བསྡོམས་པས་མི་དྲུག་ཅུ་རེ་ལྔ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་བརྒྱུད་ནས་གསོ་སྦྱོང་ལ་ཞུགས་པའི་མི་སྣས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཇི་ལྟར་སྤེལ་བ་དང་བྱ་འགུལ་དེ་སྤེལ་སྐབས་གསལ་བོར་ཤེས་དགོས་པའི་བྱ་བའི་གོ་རིམ་ལ་ཡང་བསྐྱར་ངོས་ཟིན་ཐོབ་ནས་རྫོང་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག