མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་གཏེར་ལེན་ཁ་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:01

ཀྲུང་གོིའི་བོད་ཀྱི་དྲ་བའི་འཕྲིན། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་ལྔ་བའི་ཚེས་བདུན་ཉིན་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་གཏམ་བཤད་གལ་ཆེན་སྤེལ། ཁོས་སྔར་ལས་ཆེ་བའི་མཐོང་རྒྱ་དང་སྔར་ལས་རང་འགུལ་གྱི་སྤྱོད་ཚུལ། སྔར་ལས་གསར་བའི་བྱེད་ཐབས་ཀྱིས་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་བཏང་ནས། ཞིང་ཆེན་ཡོངས་ནས་འཁོར་སྐྱོད་དཔལ་འབྱོར་སྔོན་སྐྱོད་ཁུལ་འཛུགས་པར་བྱས་རྗེས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ལོ་ཡུས་ལིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། མཱ་ཧྲུན་ཆིན་དང་ཞིན་ཀོ་པིན་གཉིས་ཚོགས་འདུར་ཞུགས།

ཧའོ་ཕིན་གྱིས་བསྟན་དོན། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་གྱིས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་མཐུན་ལ། མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པ་ར་སྤྲོད་བྱེད་ཐུབ་པས། བློ་བརྟན་འགྱུར་མེད་ཀྱིས་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་དང་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བའི་དངོས་ཡོད་གདམ་བསེས་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་ཀྱི་རིམ་པ་སྤོར་བའི་ཕན་ཡོད་བྱེད་ཐབས། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་མཉམ་བསྲེས་བྱེད་པ་དང་ཐོན་ལས་སྤོ་བསྒྱུར་བྱེད་པའི་སྟེགས་བུ་གལ་ཆེན་དུ་བརྩིས་ནས། བྱ་བ་གཙོ་བོ་དང་དམིགས་འབེན་རེ་བ་སྔར་ལས་གསལ་བོར་བྱེད་པ་དང་། འབུར་ཐོན་གནད་དོན་ཐག་གཅོད་པར་ཤུགས་འདོན་པ། མུ་མཐུད་དུ་འགྲན་རྩོད་ནུས་ཤུགས་དང་རྒྱུན་མཐུད་ནས་འཕེལ་རྒྱས་སུ་གཏོང་བའི་ནུས་བ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས་ཚྭ་འདམ་གཞོང་དེ་ཞིང་ཆེན་ཡོངས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་བྱ་བ་གཙོ་བོ་དྲུག་དམིགས་སུ་བཀར་ནས་དམ་འཛིན་བྱེད་དགོས་ཞེས་བསྟན་པ་སྟེ། གཅིག ནུས་ཤུགས་ཡོད་རྒུས་ཐོན་ལས་སྦྲེལ་ཐག་གཙོ་བོ་སྐྱེད་སྲིང་བྱས་ཏེ། འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་མ་ལག་འཐུས་ཇེ་ཚང་དུ་གཏོང་དགོས། གཉིས། ནུས་ཤུགས་ཡོད་རྒུས་ལས་གཞི་གཙོ་བོའི་འཛུགས་སྐྲུན་སྤེལ་ནས། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་མཐོར་འདེགས་བྱེད་དགོས། གསུམ། ནུས་ཤུགས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཚོང་ར་གཙོ་བོ་སྐྱེད་སྲིང་དང་རྒྱ་བསྐྱེད་དགོས། བཞི། ནུས་ཤུགས་ཡོད་རྒུས་ཐོན་ལས་ཁུལ་འཛུགས་སྐྲུན་བྱས་ཏེ། འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ལྔ། ནུས་ཤུགས་ཡོད་རྒུས་མཁར་གྲོང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་སྤེལ་ནས། མཁར་གྲོང་གི་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། དྲུག ནུས་ཤུགས་ཡོད་རྒུས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ། ཚོད་ལྟ་ཁུལ་གྱི་ནང་སྐྱེས་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག