མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་ཟི་ལིང་གྲོང་ཁྱེར་དུ་བརྟག་དཔྱད་བྱེད་སྐབས་སྤྱི་ཚོགས་བདེ་འཇགས་འགན་སྲུང་བྱ་གཞག་ཁྲོད་ནུས་པ་ཆེན་པོ་འདོན་དགོས་པ་ནན་གྱིས་བསྟན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-09 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྲིད་ཁྲིམས་ལས་ཁུངས་སུ་སོང་ནས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་ཁྲིམས་འཛིན་བཅོས་སྒྱུར་གྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་། ཁོས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་སྐྲུན་བྱེད་པ། ཁྲིམས་འཛིན་བཅོས་སྒྱུར་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་ནན་གྱིས་བསྟན།

ཀྲང་ཀོང་རོང་གིས་ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་བྱ་བ་སྣ་ཚོགས་སྤེལ་བ་དང་། བསམ་བློ་གསར་བ་དང་བྱེད་ཐབས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་། ཁོས་ཟི་ལིང་གྲོང་ཁྱེར་གྱིས་སྤྱི་ཚོགས་ཕྱོགས་ཡོངས་ནས་བརྟན་འཇགས་སུ་གཏོང་བར་སྲུང་སྐྱོང་བྱེད་པའི་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་དང་བྱ་བའི་གོ་གནས་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས། ཁྲིམས་འཛིན་བཅོས་སྒྱུར་ཚོད་ལྟ་བྱེད་སའི་བྱ་བ་བཟང་བོར་སྒྲུབ་དགོས་པའི་ཞོར་དུ། ཉེས་དོན་གྱོད་གཞི་མྱུར་དུ་སྒྲུབ་དགོས་པ་དང་བཀག་འཇུག་སློབ་གསོའི་ནུས་པ་འདོན་སྤེལ་བྱས་ནས། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ནང་རྐྱེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་སྐྲུན་དང་འཚོལ་ཞིབ་བྱས་ནས། དོན་དངོས་ལ་དམིགས་པ་དང་། མི་དམངས་མང་ཚོགས་ལ་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དུ་འཇུག་དགོས། ས་གནས་ལ་གཏོགས་པའི་དོ་དམ་བྱ་བ་རྒྱུན་འཁྱོངས་བྱས་ནས། རིམ་པ་འགར་ཏེ་འགན་ཁུར་དགོས་པ་དང་། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། འཇིགས་སྐུལ་པར་འཐབ་རྩོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་སྒྲུབ་སཐཏེ། འཕྲལ་བསྟུན་ཐག་གཅོད་བྱ་བའི་སྟོབས་ཤུགས་ཇེ་ཆེ་རུ་གཏོང་དགོས་པ་སོགས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག