མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཱ་ཧྲོན་ཆིན་ན་གོར་མོ་གྲོང་ཁྱེར་དུ་སོང་སྟེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཙོ་གནད་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-09 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྱིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སྣེ་ཁྲིད་ནས་ན་གོར་མོ་གྲོང་ཁྱེར་དུ་སོང་སྟེ་ན་གོར་མོའི་གནམ་གྲུ་ཐང་རྒྱ་བསྐྱེད་ནས་འཛུགས་སྐྲུན་བྱེད་པ་དང་ས་ཁུལ་གསར་བ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ། འགྲུལ་སྐྱེལ་ལྟེ་གནས་རྒྱ་བསྐྱེད་སྒོས་འཛུགས་སྐྲུན་བྱེད་པ། ན་གོར་མོའི་མེ་འཁོར་ས་ཚིགས་སྒྱུར་བཅོས་བྱེད་པ། ན་གོར་མོ་ནས་ཞིན་ཅང་གི་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་འཆར་འགོད་གནས་ཚུལ། བཟོ་ལས་གླིང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། བཟོ་ལས་གླིང་གི་ཕྱི་སྐོར་རྨང་གཞིའི་སྒྲིག་ཆས་དང་མཚོ་སྔོན་ཚྭ་འདམ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ལྕགས་རིགས་མཱེ་གཞི་གཅིག་ཅན་གྱི་ལས་གཞི་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་། མཚོ་ནུབ་ཁུལ་དང་ན་གོར་མོ་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་དང་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཀུང་ཟི། མཚོ་སྔོན་ཚྭ་འདམ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་དང་མཉམ་དུ་བཞུགས་མོ་བྱས་ནས་ན་གོར་མོའི་གནམ་གྲུ་ཐང་རྒྱ་བསྐྱེད་ནས་འཛུགས་སྐྲུན་བྱེད་པ་དང་ལྕགས་ལམ་འཛུགས་སྐྲུན་བྱེད་པ། གླིང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་སུ་གཏོང་བ་སོགས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

མཱ་ཧྲོན་ཆིན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཁོར་སྐྱོད་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས་ཁྱད་སྟོབས་དང་བསྟུན་ནས་ཡར་རྒྱས་ཡོང་བར་བྱེད་པ་དང་། འབད་བརྩོན་གྱིས་ཕན་ཚུན་འབྲེལ་མཐུད་བྱས་ནས་དུས་ཐོག་ཏུ་དུས་ཚིགས་གཉིས་པ་དང་གསུམ་པའི་དུས་སྐབས་བཟང་བོ་དམ་འཛིན་བྱས་ནས་གནད་སའི་ལས་གཞི་དང་རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཕུལ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས་པར་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག