མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ནས་དུས་ཡུན་ཉིན10རིང་གི་ཚྭའི་རིན་གོང་ཆེད་དོན་ཞིབ་བཤེར་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-09 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན།  ཟླ5བའི་ཚེས7ཉིན་ནས་བཟུང་།  རང་ཞིང་གིས་ཞིང་ཆེན་ཡོངས་ནས་དུས་ཡུན་ཉིན10རིང་གི་ཚྭའི་རིན་གོང་ཆེད་དོན་ཞིབ་བཤེར་བྱེད་རྒྱུ་རེད།

ཐེངས་འདིའི་ཞིབ་བཤེར་ནི་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་།  མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་བརྡ་འཕྲིན་ཨུ་ཡོན་ལྷན་ཁང་བཅས་ཞིབ་བཤེར་ཚན་ཆུང4ཡི་གྲུབ་ཡོད་ལ།  དེའི་ནང་ཁྲིམས་འཛིན་མི་སྣ14འཐེན་གཏོང་བྱས་ཏེ་ཞིབ་བཤེར་བྱ་བ་སྒྲུབ། ཞིབ་བཤེར་བྱེད་ས་ནི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཚྭའི་ཕྱི་ཚོང་ཚང་ར་ཡིན་པ་དང་ཞིབ་བཤེར་བྱེད་པའི་ནང་དོན་གཙོ་བོར་ཚོང་གཉེར་མཁན་གྱིས་ཚྭ་ཕྱི་ཚོང་བྱེད་སྐབས་རིམ་པ་སོ་སོའི་རིན་གོང་དོ་དམ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་རིན་གོང་སྲིད་ཇུང་ལག་བསྟར་བྱེད་མིན།  གཏན་ཁེལ་བྱས་པའི་རིན་གོང་ལག་བསྟར་བྱེད་མིན་དང་ཚྭའི་དངོས་ཁུངས་གྱ་ནོན་ཡོད་མེད་སོགས་ཞིབ་བཤེར་བྱས།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག