མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་རུ་ཉེན་འགོག་གནོད་སེལ་སྐོར་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། བསམ་འཕེལ་ནོར་བུ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-09 09:37

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་རུ“5.12ཉེན་འགོག་གནོད་སེལ། བྱིས་པར་གཅེས་སྐྱོང་། ཚེ་སྲོག་ལ་གཅེས་སྤྲས། བོད་ཁུལ་གྱི་སློབ་གྲྭར་བསྐྱོད། ང་ཚོ་ལམ་ལ་ཆས་བཞིན་ཡོད།”ཅེས་པ་བརྗོད་གཞི་ཡིན་པའི་བྱ་འགུལ་སྤེལ།

སློབ་གྲོགས་ཚོས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཤན་སྦྱར་བའི་འགེལ་བྱང་དང་། དྲིལ་བསྒྲགས་ཡིག་ཆར་བལྟ་བཞིན་པ།

    ཆེད་མཁས་པས་གནམ་གཤིས་རྒྱུན་ཤེས་སྐོར་གྱི་འཆད་ཁྲིད་གནང་བཞིན་པ།

ལས་བྱེད་མི་སྣས་སློབ་གྲོགས་ཚོར་སྨྱུ་གུ་དང་འབྲི་དེབ་སོགས་སློབ་སྦྱོང་གི་ཡོ་ཆས་སྟེར་བཞིན་པ།

     ཐེངས་འདིའི་བྱ་འགུལ་དུ་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་ལས་མི་སྣ། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་བོད་སྐད་ཚན་ཁག་གི་མི་སྣ་བཅས་བསྡོམས་པས་མི10ལྷག་ཞུགས་པ་དང་། ཁོ་ཚོས་གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་རུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཤན་སྦྱར་བའི་འགེལ་བྱང་དང་། དྲིལ་བསྒྲགས་ཡིག་ཆ། རྒྱུན་ཤེས་དེབ་ཆུང་བཀྲམས་པ། གནམ་གཤིས་རྒྱུན་ཤེས་སྐོར་གྱི་འཆད་ཁྲིད་གནང་བ་སོགས་བྱེད་ཐབས་སྤྱད་དེ་རང་བྱུང་གནམ་གཤིས་ཐད་ཀྱི་ཤེས་བྱ་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་སློབ་མ་རྣམས་ལ་ཡུལ་དངོས་ནས་ཁྲིད་སྟོན་བྱས། དེ་མིན་སློབ་གྲྭ་དེའི་སློབ་མ་ཡོངས་ཏེ་བསྡོམས་པས་སློབ་མ700ལྷག་ལ་སྨྱུ་གུ་དང་འབྲི་དེབ་སོགས་སློབ་སྦྱོང་གི་ཉེར་མཁོའི་ཡོ་ཆས་ཞལ་འདེབས་སུ་ཕུལ།

གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་སློབ་གཙོ་རྡོ་རྗེ་རིན་ཆེན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

     གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་སློབ་གཙོ་རྡོ་རྗེ་རིན་ཆེན་དང་སློབ་གཙོ་གཞོན་པ་དབང་ལོ་རྒྱལ་སོགས་ཀྱི་ཕེབས་རོགས་འོག  གནམ་གཤིས་ཆེད་མཁས་པ་རྣམས་ཀྱིས་སློབ་གྲྭའི་བྱ་འགུལ་ཁང་དང་སློབ་ཁྲིད་ཐོག་ཁང་། སློབ་མའི་མལ་ཁང་། སློབ་མའི་ཟ་ཁང་སོགས་ལ་ལྟ་སྐོར་བྱས་པ་དང་། དགེ་སློབ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་གནམ་གཤིས་འགྱུར་ལྡོག་གིས་ལུས་ཕུང་བདེ་ཐང་ལ་ཐེབས་སྲིད་པའི་ཉེན་ཁའི་ཕྱོགས་ནས་དོ་ཁུར་བྱས་པ་མི་འདངས་བའི་སྐོར་ལ་ཁ་གསབ་ཀྱི་ཚུལ་དུ་གསལ་འདེབས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག