མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གཉིས་ཀྱིས་སྐོར་ཐེངས་གསར་བའི་འཐབ་ཇུས་མཉམ་ལས་གྲོས་ཆོད་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གཉིས་ཀྱིས«མཚོ་སྔོན་ཞིང་ཆེན་གྱི་ཁང་རྙིང་བསྒྱུར་བཀོད་སོགས་ཁྱབ་ཁོངས་གལ་ཆེན་གྱི་མཉམ་ལས་མཉམ་དུ་སྤེལ་བའི་བརྗེད་ཐོ»བཀོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མགོ་བ་ཀྲིན་ཀྲི་ཅེ་གཉིས་བརྗེད་ཐོ་འགོད་པའི་མཛད་སྒོར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མགོ་བ་གཞོན་པ་ཀྲའོ་ཞོ་ཡུས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་སྟེང་མིང་བཀོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གཉིས་ཀྱིས་རྒྱུན་ཆད་མེད་པར་མཉམ་ལས་ཁྱབ་ཁོངས་གསར་གཏོད་བྱས། ན་ནིང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་བསྐྱིས་དངུལ་སྒོར་མོ་ཁྲག་ཁྲིག་གཅིག་ལྷག་ཏུ་བསླེབས། ད་ལོར་ཡང་བསྐྱར་མི་དམངས་ཤོག་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་བསྐྱིས་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་གཉིས་ལྷག་འཕར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག