མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས5ནས་ཚེས6ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཆེད་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་དང་། ཝུའུ་ལན། གཏེར་ལེན་ཁ་སོགས་ས་ཆར་སོང་ནས་རྟོག་ཞིབ་བྱས། ཧའོ་ཕིན་གྱིས་འཁོར་སྐྱོད་དཔལ་འབྱོར་སྔར་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས། བཟོ་ལས་ཀྱི་ཕན་འབྲས་ཧུར་ཐག་གིས་ཇེ་མཐོར་གཏོང་བའི་རིམ་འཕར་པར་གཞི་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཚེས5ཉིན་གྱི་ཞོགས་པར་ཧའོ་ཕིན་སོགས་ཀྱིས་དཀའ་ཁག་ལ་མ་འཛེམ་པར་རླངས་འཁོར་ལ་བསྡད་དེ་མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་སུམ་བརྒྱ་ལྷག་ཡོད་པའི་མུ་རུ་སྤྱང་ཚང་སོལ་གཏེར་དང་ཅུའུ་ཧུའུ་ཀིན་སོལ་གཏེར་དུ་སོང་ནས། སོལ་གཏེར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་རྟོག་ཞིབ་བྱས། ཚང་མ་དང་མཉམ་དུ་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། ཁེ་ལས་ཀྱི་འཁོར་སྐྱོད་བྱ་བའི་ཁྲོད་དུ་གནས་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་རོགས་བྱས། ཧའོ་ཕིན་གྱིས་མུ་རུ་སོལ་གཏེར་ནི་རྡོ་སོལ་ཐོན་ཁུངས་ཆེས་མང་བོའི་ས་ཁུལ་ཞིག་ཡིན་ཞིང་། དཔལ་འབྱོར་མར་རྒུད་པའི་ཁུར་བོ་ཇེ་ལྗིད་དུ་སོང་བ་དང་། རྡོ་སོལ་གྱི་རིན་གོང་མར་བབས་པའི་གནས་བབ་ཚབས་ཆེན་འོག རྡོ་སོལ་ཁེ་ལས་ཀྱིས་དོ་དམ་བྱ་བར་ཤུགས་སྣོན་དགོས་པ་དང་། ཕན་ནུས་ཇེ་མཐོར་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཐོན་ཚད་བརྟན་འཇགས་དང་ལས་ཞུགས་བྱ་བ་བརྟན་འཇགས་སུ་གཏོང་དགོས་པ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་རྒྱུན་ལྡན་གྱི་ཐོན་སྐྱེད་ཚོང་གཉེར་བྱ་བ་སྲུང་འཛིན་བྱེད་དགོས། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་སྒོས་ཐོན་ཁུངས་ལས་སྣོན་ཞིབ་རྒྱས་དང་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། རྒྱུན་ཆད་མེད་པར་རྡོ་སོལ་ཐོན་ལས་ཐོན་རྫས་འབྲེལ་མཐུད་བྱ་བའི་རྒྱུན་བསྐྱངས་ཏེ། ཐོན་ཁུངས་རང་བཞིན་གྱི་ཐོན་ལས་རིམ་འཕར་པར་གཞི་བསྐྲུན་པའི་གོམས་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་དགོས། སོལ་གཏེར་ས་ཁུལ་གྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བྱ་བར་ཤུགས་སྣོན་དགོས། ཚད་མཐོན་པོའི་མཐོང་ཆེན་བྱས་ནས། ནན་ཏན་སྒོས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ནས། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་བྱ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཧའོ་ཕིན་གྱིས་ཚྭ་འདམ་གཞོང་ནུས་ཁུངས་ཐོན་ཁུངས་གསར་བའི་རྒྱུ་ཆ་སོགས་འཐབ་ཇུས་རང་བཞིན་གྱི་ཐོན་ལས་རྣམ་པ་གསར་བ་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཚེས་དྲུག་ཉིན་གྱི་ཕྱི་དྲོར་ཧའོ་ཕིན་སྔ་གཞུག་ཏུ་གཏེར་ལེན་ཁ་བཟོ་ལས་ས་ཁུལ་དུ་སོང་ནས་རྟོག་ཞིབ་བྱས། ཧའོ་ཕིན་གྱིས་བཤད་རྒྱུར། ཚྭ་འདམ་གཞོང་ནི་མཚོ་སྔོན་ཞིང་ཆེན་གྱིས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་བྱེད་ཡུལ་གཙོ་བོ་ཡིན་པ་དང་། བཟོ་ལས་ས་ཁུལ་གསར་སྐྲུན་བྱེད་པ་དང་། ཐོན་ལས་གཅིག་བསྡུས་བྱ་བར་ཡར་སྐུལ་བྱས་ནས། གཙོ་བོ་རྒྱུ་ཆ་གསར་བ་དང་ནུས་ཁུངས་གསར་བ། ཚྭ་མཚོ་བཟོ་ལས་དང་སྔོན་ཐོན་སྒྲིག་ཆས་སྒྲིག་སྦྱོར། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ལ་དམིགས་ནས། ཐོན་ལས་ཀྱི་མུ་ཁྱུད་ཇེ་རིང་དུ་གཏོང་དགོས་པ་དང་། ཐོན་ལས་ཀྱི་ཁྱུ་ཚོགས་གསར་སྐྲུན་བྱ་བ་ཇེ་མགྱོགས་སུ་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་གྱིས་ད་རུང་མདོ་དབུས་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་གྱི་ལྕགས་ལམ་ཉིས་གཤིབ་མའི་ཕུག་ལམ་ལས་ས་དང་། གཏེར་ལེན་ཁ་གནམ་གྲུ་ཐང་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། དེང་རབས་ཅན་གྱི་རྨང་གཞི་འིསྒྲིག་ཆས་མ་ལག་འཛུགས་རྒྱུ་ནི་ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་དངུལ་གཏོང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྱབ་ཁོངས་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བདེ་འཇགས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གཞིའི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། བཀའ་འགྱུར་ཕུག་ལམ་དང་གཏེར་ལེན་ཁ་གནམ་གྲུ་ཐང་གཉིས་སྔ་མོ་ནས་རླངས་འཁོར་དང་གནམ་གྲུ་ཤར་གཏོང་བྱེད་ཐུབ་པར་བརྩོན་ལེན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག