མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་བའི་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ལམ་ལུགས་བཙུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-08 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ལམ་ལུགས་བཙུགས་པའི་བརྡ་ཐོ》འགྲེམ་སྤེལ་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་འགོ་ཁྲིད་རྩ་འཛུགས་དང་། སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་བཅས་རང་ཞིང་གི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ལམ་ལུགས་དངོས་སུ་བཙུགས་པར་མཚོན།

《བརྡ་ཐོ》ལས་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ནི་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་དང་ལས་ཁུངས21གིས་གྲུབ་པ་དང་། ཞིང་ཆེན་དམངས་སྲིད་ཐིན་གྱིས་གཙོ་འགན་ཁུར་བ།  སྤྱི་ཚོགས་རོགས་སྐྱོར་གྱི་ལས་འགན་ཁུར་ཡོད་པའི་ཞིང་ཆེན་སྲིད་གཞུང་གི་ཧྲན་ཀྲང་གཞོན་པ་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ཀྱི་སྤྱིའི་བཀོད་འདོམས་པའི་འགན་ཁུར་ཡོད་ལ།  ཁོངས་གཏོགས་ལས་ཁུངས་སོ་སོའི་འབྲེལ་ཡོད་འགན་ཁུར་བློ་མཐུན་ནི་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ཀྱི་ཁུངས་མི་ཡིན་པ་ཐག་བཅད་ཡོད།  《བརྡ་ཐོ》ལས་ད་དུང་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། སྤྱི་ཚོགས་རོགས་སྐྱོར་བྱ་བའི་ལམ་ལུགས་དང་སྲིད་ཇུས།  ངོ་བོ་ལ་སོགས་འཐུས་ཚང་དུ་བཏང་བ་བརྒྱུད།  ཞིང་ཆེན་སྲིད་གཞུང་ལ་བསམ་འཆར་བཏོན་པ་དང་མ་མཐའི་འཚོ་བའི་འགན་སྲུང་དང་སྨན་བཅོས།  སློབ་གསོ་དང་སྡོད་ཁང་བཅས་སྤྱི་ཚོགས་རོགས་སྐྱོར་ཐད་ཀྱི་སྲིད་ཇུས་གཞན་དག་ལག་བསྟར་བྱས་ནས།  དོན་དངོས་སྟེང་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱེད་དགོས་པ་བསྟན་ཡོད། 

《བརྡ་ཐོ》ལས་ཁོངས་གཏོགས་ལས་ཁུངས་སོ་སོའི་རང་རང་གི་ལས་འགན་ལྟར།  རང་རྟོགས་ཡོད་པའི་སྒོ་ནས་སྤྱི་ཚོགས་རོགས་སྐྱོར་བྱ་བའི་འབྲེལ་ཡོད་གནད་དོན་ཞིབ་འཇུག་བྱེད་དགོས་པ་དང་།  དུས་ལྟར་གཙོ་ཁྲིད་ལས་ཁུངས་ལ་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་བསྡུ་དགོས་པའི་རེ་འདོད་ཞུ་བ། ནན་ཏན་སྒོས་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་ལས་གཏན་འཁེལ་བྱས་པའི་བྱ་བའི་ལས་འགན་ལག་བསྟར་བྱེད་པ། དུས་ལྟར་སྤྱི་ཚོགས་རོགས་སྐྱོར་བྱ་བའི་ཁྲོད་སྡེ་ཁག་བརྒལ་ནས་ཐག་གཅོད་བྱེད་དགོས་པའི་ལས་དོན་ཐག་གཅོད་བྱེད་པ་སོགས་སྔར་ལས་ལྷག་པར་རང་ཞིང་གི་སྤྱི་ཚོགས་རོགས་སྐྱོར་བྱ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་པའི་བླང་བྱ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག