མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་གི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་མཚོ་སྔོན་ཏང་སྲིད་ལས་བྱེད་པས་ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་ནས་གསོ་སྦྱོང་བྱེད་པའི་དགོས་མཁོར་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་གིས་གཅིག་བསྡུས་ཀྱིས་བཞུགས་མོལ་བྱེད་པ་དང་། རྟོག་ཞིབ་འཚམས་འདྲི་སོགས་ཀྱི་རྣམ་པ་སྤྱད་དེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ལས་གཞི་གལ་ཆེན། བཟོ་སྐྲུན་གལ་ཆེན། ཤར་ཕྱོགས་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཡུལ་ཤུལ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་བྱ་བ་དང་དེ་མིན་རོང་འབྲོག་ཕྱོགས་ཀྱི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པ། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། མི་འགྱང་བར་ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་དུ་གསོ་སྦྱོང་དུ་འགྲོ་རྩིས་ཡོད་པའི་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ན་གཞོན་འཛིན་གྲྭའི་སློབ་དེབ་བཀོད་སྒྲིག་དང་སློབ་མའི་གསོ་སྦྱོང་རེ་བར་ཉན་པ་མ་ཟད། ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་གི་སློབ་དེབ་བཀོད་སྒྲིག་འཆར་གཞི་མཚམས་སྦྱོར་བྱས།

རྟོག་ཞིབ་ཚན་ཆུང་ད་རུང་ཆེད་དུ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དང་། ཁྲི་ཀ་རྫོང་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། མཚོ་ལྷོ་ཁུལ་དང་དེ་མིན་གུང་ཧོ་རྫོང་། ཁྲི་ཀ་རྫོང་བཅས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གནས་ཚུལ་ལ་ཉན་པ་མ་ཟད། ཁུལ་ཏང་ཨུ་དང་། རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་དང་། གཞི་ཁྱོན་ཡན་ཆད་ཀྱི་ཁེ་ལས་སོགས་ལ་སོང་ནས་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། རེབ་འདིའི་རྟོག་ཞིབ་ཀྱི་གོ་སྐབས་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གལ་ཆེན་དང་སློབ་མའི་རེ་བ་ལྟར། འབྲེལ་ཡོད་བསམ་འཆར་དང་གྲོས་གཞིར་དུས་ཐོག་ཏུ་དབྱེ་ཞིབ་བྱེད་པ་དང་། ནན་ཏན་སྒོས་ཞིབ་འཇུག་བྱེད་པ། དོན་དངོས་ལ་ཟུང་འབྲེལ་བཅས་བྱས་ནས། མཚོ་སྔོན་གྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་རྩ་འཛུགས་དགོས་མཁོ་དང་། ལས་གནས་ཀྱི་དགོས་མཁོ་དང་ལས་བྱེད་པ་མི་སྒེར་གྱི་དགོས་མཁོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། སློབ་ཁྲིད་འཆར་གཞི་འོས་མཐུན་སྒོས་བཀོད་སྒྲིག་བྱེད་པ། གསོ་སྦྱོང་གི་དམིགས་ཡུལ་རང་བཞིན་དང་ཕན་ནུས་རང་བཞིན་ལ་ཁག་ཐེག་བྱས་ནས། དགོས་མཁོ་ལྟར་སློབ་ཁྲིད་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་གྱི་རིམ་པ་སོ་སོའི་ལས་བྱེད་པ160ལྷག་མི་འགྱང་བར་ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་དུ་གསོ་སྦྱོང་ལ་འགྲོ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག