མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས13པའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ཀྱི་ཞིང་ལྗོངས་གསུམ་གྱི་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།    2014-05-08 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས7ཉིན། མཚོ་སྔོན་དང་ཀན་སུའུ།  ཉིན་ཞ་སོགས་ཞིང་ལྗོངས་གསུམ་གྱིས་མཚོ་སྔོན་ཏའོ་པ་རྒྱལ་ཁབ་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་སྐབས་བཅུ་གསུམ་པའི་མཚོ་སྔོན་པོ་སྐོར་བའི་ལྕགས་རྟའི་འགྲན་རྒྱུགས་ཀྱི་མཐུན་སྦྱོར་མཉམ་ལས་གྲོས་ཚོགས་བསྡུས་ཤིང་། འགྲན་རྒྱུགས་ཀྱི་གྲ་སྒྲིག་དང་རྩ་འཛུགས་ཕྱོགས་ཀྱི་མཐུན་སྦྱོར་མཉམ་ལས་བྱ་བར་ཆེད་དོན་ཞིབ་འཇུག་བྱས།

ཞིང་ལྗོངས་གསུམ་གྱི་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ལུས་རྩལ་ཅུའུ།  ཉིན་ཞ་ཡུན་ཁྲོན་གྲོང་ཁྱེར་།  ཀྲུང་ཝུས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བ་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།

གྲོས་ཚོགས་ལས་སྐབས་བཅུ་གཉིས་པའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ཀྱི་དཔྱད་བརྗོད་སྙན་ཞུར་ཉན་པ་དང་། སྐབས་བཅུ་གསུམ་པའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ཀྱི་གྲ་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས།  ཀན་སུའུ་ཞིང་ཆེན་དང་ཉིན་ཞ་ཧེ་རིགས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཀན་སུའུ་དང་ཉིན་ཞ་མངའ་ཁོངས་ཀྱི་རྩ་འཛུགས་སྡེ་ཁག་དང་། འགྲན་རྒྱུགས་བཀོད་སྒྲིག  གསར་འགྱུར་དྲིལ་སྒྲོག  འགྲིམ་འགྲུལ་འགན་སྲུང་།  བདེ་འཇགས་སོགས་བྱ་བ་ཐད་ནས་བསམ་འཆར་གང་ལེགས་བཏོན་པ་དང་།  ཚོགས་ཞུགས་ལས་ཁུངས་སོ་སོ་དང་མཐུན་སྦྱོར་མཉམ་ལས་ཐད་ནས་གཅིག་མཐུན་བྱུང་།

གྲོས་ཚོགས་ལས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་འཛམ་གླིང་གི་ཡུལ་གྲུ་སོ་སོ་རུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་དང་།  ཞིང་ལྗོངས་གསུམ་དྲིལ་བསྒྲགས་བྱེད་པ་དང་།  ས་གནས་ཀྱི་མིང་རྟགས་མཐོར་འདེགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།  མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་བརྒྱུད་དེ་ཞིང་ལྗོངས་གསུམ་གྱིས་མཉམ་གཅིག་ཏུ་ཐུན་མོང་མ་ཡིན་པའི་ལུས་རྩལ་འགྲན་བསྡུར་བྱ་བའི་འཕེལ་རྒྱས་རྣམ་པ་ཞིག་གསར་སྐྲུན་བྱས་ཡོད་པ་མ་ཟད།  ད་དུང་སྔར་ལས་ལྷག་པར་ཞིང་ལྗོངས་གསུམ་གྱི་དཔལ་འབྱོར་དང་རིག་གནས།  གནས་སྐོར་སོགས་མངའ་ཁོངས་སོ་སོའི་མཐུན་སྦྱོར་མཉམ་ལས་བྱེད་པར་སྐུལ་འདེད་བྱེད་ཀྱིན་ཡོད་པས།  མངའ་ཁོངས་བར་མཐུན་སྦྱོར་མཉམ་ལས་བྱས་ཏེ་མཉམ་གཅིག་ཏུ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད་པ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག