མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་གཉིས་ཀྱིས་ཀྲུང་གོའི་ཕུགས་འདུན་ཧུར་ཐག་གིས་མངོན་འགྱུར་བྱེད་པའི་མཚོ་སྔོན་སྙན་ཞུའི་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-07 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བསྡུས་པའི་ཚན་རིག་ཀུན་སྤྱོད་དར་སྤེལ་བྱས་ཏེ། དར་སྤེལ་གསུམ་ལག་བསྟར་བྱེད་ཅེས་པའི་ཀྲུང་གོའི་ཕུགས་འདུན་ཧུར་ཐག་གིས་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་སྙན་ཞུའི་ཚོགས་འདུ་ཟླ5བའི་ཚེས6ཉིན་ཟི་ལིང་ནས་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཞུས་ཡན་ཧའོ་སྙན་ཞུའི་ཚོགས་འདུ་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མཱ་ཅས་སྙན་ཞུའི་ཚོགས་འདུ་ལ་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་མཐོ་རིམ་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་སོགས་མི་སྟོང་ལྷག་སྙན་ཞུ་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུའི་སྟེང་། ཆན་ཞེའོ་སིན་གྱི་བུ། མཐོ་རིམ་བཟོ་བཀོད་པ། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་ཆན་ཞེའོ་སིན་དཔེ་མཛོད་ཁང་གི་མགོ་བ་ཆན་ཡུང་ཀང་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཅི་ནན་སློབ་ཆེན་གྱི་སྔོན་ཆད་ཀྱི་སློབ་གཙོ། བཀོལ་སྤྱོད་རིག་པའི་ཞིབ་འཇུག་གླིང་གི་མགོ་གཙོ་དང་འཐབ་ཇུས་དོ་དམ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལིག་རིན་ཧོད། ལྕགས་ལམ་པུའུ་དཔལ་འབྱོར་འཆར་འགོད་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ། མཚོ་བོད་ལྕགས་ལམ་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཐན་ཝུའུ་ལིན་བཅས་ཀྱིས་སོ་སོར་ཆེད་དོན་སྙན་ཞུ་ཕུལ་ནས། ཕྱོགས་སོ་སོ་ནས་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ཚན་རིག་ཀུན་སྤྱོད་དར་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་ལག་བསྟར་བྱེད་པ། མཐུན་སྒྲིལ་འབད་བརྩོན་དང་གསར་གཏོད་གསར་སྐྲུན། དཀའ་ངལ་ཁྱད་སེལ། དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱས་པའི་མཛད་རྗེས་ཞིབ་མོར་གླེང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག