མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རོང་འབྲོག་ཁུལ་ལ་ཞབས་འདེགས་ཞུ་བའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་གླིང་གི་ནད་ཐོག་སྨན་བཅོས་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-07 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སྨན་བཅོས་མི་སྣ་བརྒྱ་ལྷག་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དུ་ལྷན་འཛོམས་བྱུང་ནས།  དུས་ཡུན་ཉིན་ལྔ་རིང་གི་ལས་ཀའི་ཤེས་བྱ་དང་ནུས་རྩལ་གསོ་སྦྱོང་ལ་ཞུགས།  མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་གྲྭའི་ཞིང་ཆེན་རིམ་པའི་ནད་ཐོག་ཕྱོགས་བསྡུས་དངོས་སྦྱོང་རྟེན་གཞིའི་སློབ་གསོ་ནུས་ཁུངས་དང་དགེ་རྒན་གྱི་སྟོབས་ཤུགས་བེད་སྤྱད་དེ། གཞི་རིམ་ནས་ཐོན་པའི་སྨན་བཅོས་མི་སྣ་བརྒྱ་ལྷག་ལ་ནད་ཐོག་སྨན་བཅོས་ཕྱོགས་ཀྱི་ནུས་རྩལ་གསོ་སྦྱོང་བྱས་པ་དང་།  གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་སྡེ་ཁག་དུ་ཤེས་ལྡན་མི་སྣ་དཀོན་པ་དང་ལག་རྩལ་ཞན་པའི་གནས་བབ་ལེགས་བཅོས་བྱེད་པ་གཞིར་བཟུང་ནས།  སྔར་ལས་ལྷག་པར་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ལ་ཞབས་འདེགས་ལེགས་པོ་ཞུ་བར་མཐུན་རྐྱེན་སྐྲུན།

ཞིང་ཆེན་འཕྲོད་བསྟེན་ཐིན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར།  མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གིས་ཐེངས་འདིའི་གསོ་སྦྱོང་གི་ལས་དོན་ཡོད་ཚད་འགན་ཁུར་ཡོད་པ་དང་།  རང་ཞིང་གི་གཞི་རིམ་སྨན་བཅོས་མི་སྣར་ནད་ཐོག་སྨན་བཅོས་ཕྱོགས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་རྒྱུ་ཡིན་ལ།  གཙོ་བོར་གཞི་རིམ་གྱི་སྨན་བཅོས་མི་སྣའི་སྒྲ་འདས་བརྟག་དཔྱད་ནུས་རྩལ་དང་།  སྙིང་འཕར་རླབས་རིས་ཤེས་བྱ་དང་ལག་ལེན། མྱུར་སྐྱོར་ནུས་རྩལ་སོགས་གསོ་སྦྱོང་བྱས་པར་བརྟེན།  རང་ཞིང་གི་གཞི་རིམ་སྨན་བཅོས་མི་སྣའི་བརྟག་དཔྱད་ཤེས་བྱ་དང་ནུས་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་།  གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་སྡེ་ཁག་གིས་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ངེས།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག