མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

《གེ་སར》བྱིས་པའི་དཔེ་ཚོགས་གཉིས་པ་ཟླ་འདིའི་ནང་འགྲེམ་སྤེལ་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-07 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 《གེ་སར》བྱིས་པའི་དཔེ་ཚོགས་གཉིས་པ་ཟླ་འདིའི་ནང་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་དང་།  ཞིང་ལྗོངས་ལྔ་ཡི་བོད་ཁུལ་གྱི་སློབ་ཆུང་དང་དམའ་འབྲིང་གི་སློབ་མར་སློབ་གསེང་སྐབས་ཀྱི་ཀློག་དེབ་གསར་བ་ཞིག་འདོན་སྤྲོད་བྱས་པ་རེད།  

མཚོ་སྔོན་ཞིང་ཆེན《གེ་སར》ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབང་ཆེན་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན།  དཔེ་ཚོགས་འདི་ནི་མཚོ་སྔོན་ཞིང་ཆེན《གེ་སར》ཞིབ་འཇུག་ཁང་གིས་ཞིང་ཆེན་ནང་ཁུལ་གྱི་ཆེད་ལས་མཁས་པ་དང་རིག་གནས་པ་རྣམས་རྩ་འཛུགས་བྱས་ཏེ།  དུས་ཡུན་ལོ་གསུམ་རིང་གི་དུས་ཚོད་བེད་སྤྱད་ནས་རྩོམ་སྒྲིག་བྱས་པ་ཡིན་ལ།  རྒྱལ་ཁབ་དངོས་མིན་ཤུལ་བཞག་རིག་གནས་ཀྱིས་པར་སྐྲུན་མ་དངུལ་ཕུལ་བ་དང་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་པར་བསྐྲུན་བྱས་པ་ཡིན། 

མཚོ་སྔོན་ཞིང་ཆེན《གེ་སར》ཞིབ་འཇུག་ཁང་གི་འགོ་གཙོ་དབང་གྲགས་ཀྱིས་དཔེ་ཚོགས་འདི་འགྲེམ་སྤེལ་བྱས་པ་ལས་བོད་ཁུལ་གྱི་བྱིས་པ་ན་གཞོན་དག་གི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུས་ལོན་བྱེད་པ་དང་།  རྩོམ་རིག་གི་བྱང་ཚད་དང་བོད་ཡིག་གི་ལམ་ནས་རྩོམ་སྤེལ་བར་ཕན་འབྲས་ཆེན་པོ་ལྡན།  དེའི་ནང་དཔེ་ཆ་ཁ་ཤས་བོད་ཁུལ་གྱི་དབུལ་ཕོངས་སློབ་གྲྭ་ཞལ་འདེབས་སུ་ཕུལ་རྒྱུ་ཡིན་ལ།  བྱིས་པ་མང་པོ་ལ་གེ་སར་རྒྱལ་པོའི་མཛད་རྣམ་ལ་རྒྱུས་ལོན་བྱས་ནས།  སྔར་ལས་ལྷག་པར་གནའ་བའི་བོད་ཀྱི་རིག་གནས་ལ་ངེས་ཤེས་གསལ་བོ་སྤྱད་པར་མཐུན་རྐྱེན་སྐྲུན་ཡོད་ཟེར། 

རྒྱུས་ལོན་པ་ལྟར་ན་ཐེངས་འདིར་འགྲེམ་སྤེལ་བྱས་པའི《གེ་སར》བྱིས་པའི་དཔེ་ཚོགས་གཉིས་པ་བསྡོམས་པས་《འཇང་གླིང་གཡུལ་འགྱེད》དང《ཧོར་གླིང་གཡུལ་འགྱེད》(སྟོད་སྨད་ཆ)། 《མོན་གླིང་གཡུལ་འགྱེད》། 《བདུད་འདུལ》བཅས་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག