མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་རིག་གནས་ཐོན་ལས་སྐོར་གྱི་སྲིད་ཇུས་འགྲེལ་བཤད་ཆེད་དོན་གསོ་སྦྱོང་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-07 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་བསྐྲུན་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་སྲིད་ཇུས་འགྲེལ་བཤད་དང་རྣམ་གྲངས་སྙན་ཞུའི་ཆེད་དོན་གསོ་སྦྱོང་སྤེལ།  ཞིང་ཆེན་ཡོངས་ཀྱི་རིག་གནས་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་གྲོང་ཁྱེར་སོ་སོ། ཁུལ་སོ་སོའི་ནོར་སྲིད་ཅུའུ།  རིག་གནས་ཅུའུ་སོགས་འབྲེལ་ཡོད་རིག་གནས་ཐོན་ལས་གཉེར་མཁན110ལྷག་ཐེངས་འདིའི་གསོ་སྦྱོང་སྟེང་ཞུགས།  འདི་ནི་རང་ཞིང་གིས་ཐོག་དང་པོར་སྤེལ་བའི་རིག་གནས་དང་ནོར་སྲིད།  དངུལ་རྩ་སོགས་སྡེ་ཁག་དག་མཐུན་སྦྱོར་མཉམ་ལས་བྱེད་པའི་ཚོད་ལྟ་ཞིག་ཡིན་པ་མ་ཟད།  རྒྱལ་ཡོངས་རིག་གནས་དངུལ་རྩའི་མཉམ་ལས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

གསོ་སྦྱོང་ལས་རྒྱལ་ཡོངས་རིག་གནས་དངུལ་རྩའི་མཉམ་ལས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཐོག  ཉེ་ལམ་བསྟུད་མར་འགྲེམ་སྤེལ་བྱས་པའིརིག་གནས་ཐོན་ལས་སྐོར་གྱི་སྲིད་ཇུས་དང《བོད་དང་ཆའང་། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་འཁྱམས་སྤྱིའི་འཆར་འགོད》བཅས་ལ་འགྲེལ་བཤད་བྱས་ཤིང་།  རྒྱལ་ཁབ་ལ་སྙན་ཞུ་ཕུལ་བའི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་དང་རྒྱལ་ཁབ་ཀྱི་བོད་དང་ཆའང་།  དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་འཁྱམས་རྣམ་གྲངས།  ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་ཐད་ཀྱི་ཆེད་སྤྱོད་མ་དངུལ་བཅས་འབྲེལ་ཡོད་གནད་དོན་སྐོར་ནས་འགྲེལ་བཤད་བྱས་པ་དང་དུས་མཚུངས་སུ།  དངུལ་རྩ་ཕྱོགས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་སོགས་འགྲེལ་བཤད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག