མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་ཡང་བསྐྱུར་འོས་འགན་སློབ་གསོ་སྐབས་ཀྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-07 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཐག་གཅོད་བྱས་པ་ལྟར། 2014ལོའི་དཔྱིད་ཀའི་སློབ་འགོ་ཚིགས་པ་ནས་བཟུང་།  རང་ཞིང་གིས་ཞིང་སྡེ་འབྲོག་ཁུལ་འོས་འགན་སློབ་གསོ་སྐབས་ཀྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་ཡང་བསྐྱུར་ཇེ་མཐོར་བཏང་ཞིང་། སློབ་མ་རེར་ཆ་སྙོམས་ཀྱི་སྒོར100རེ་འགྲེམ་གཏོང་བྱས།

 ཁ་གསབ་ཚད་གཞི་ཇེ་མཐོར་བཏང་རྗེས་བཅའ་སྡོད་སློབ་མའི་ཁ་གསབ་ཚད་གཞི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆུང་སློབ་མར་སྒོར1100དང་དམའ་འབྲིང་སློབ་མར་སྒོར1350།  མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གྱི་སློབ་ཆུང་སློབ་མར་སྒོར1500དང་དམའ་འབྲིང་སློབ་མར་སྒོར1700།  མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ་ཐིན་རིན་རྫོང་།  གཙན་ཚ་རྫོང་གི་སློབ་ཆུང་སློབ་མར་སྒོར1600དང་དམའ་འབྲིང་སློབ་མར་སྒོར1800། ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ།  རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་སོག་རྫོང་གི་སློབ་ཆུང་སློབ་མར་སྒོར1700དང་དམའ་འབྲིང་སློབ་མར་སྒོར1900བཅས་ཡར་འཕར་བ་རེད།  སློབ་གསོའི་བྱ་བའི་ཐད་ཀྱི་བསྡོམས་རྩིས་གྲངས་ཀ་ལྟར་ན།  2013ལོར་ཞིང་ཆེན་ཡོངས་ནས་འོས་འགན་སློབ་གསོ་སྐབས་ཀྱི་བཅའ་སྡོད་སློབ་མ་ཁྲི23.51ཡོད་པ་དང་།  ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་མ་དངུལ་སྒོར་ཁྲི2351མཁོ་བས།  ད་ཡོད་བྱེད་ཐབས་ལྟར་ཚད་གཞི་ཇེ་མཐོར་བཏང་རྗེས་ཀྱི་འགྲོ་སོང་ཚང་མ་ཞིང་ཆེན་དང་ཁུལ།  གྲོང་ཁྱེར།  རྫོང་རིམ་པས8:2ཚད་གཞི་ལྟར་འགན་ཁུར་རྒྱུ་ཡིན་ལ།  དེའི་ནང་ཞིང་ཆེན་རིམ་པའི་སྒོར་ཁྲི1881དང་། ཁུལ་དང་རྫོང་རིམ་པའི་སྒོར་ཁྲི470བཅས་འགན་ཁུར་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག