མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཧུར་ཐག་སྒོས་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་རེ་བ་གསར་བ་དང་། བཀོད་སྒྲིག་གསར་བ་ལག་བསྟར་དངོས་འབེབས་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཧུར་ཐག་སྒོས་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་རེ་བ་གསར་བ་དང་། བཀོད་སྒྲིག་གསར་བ་ལག་བསྟར་དངོས་འབེབས་བྱས་ནས། རྒྱུན་ལྡན་གྱི་སྐོར་ཞིབ་ཚན་ཆུང་བཞིའི་རྨང་གཞིའི་སྟེང་། ཉེ་ལམ་ཡང་བསྐྱར་ཆེད་སྤྱོད་སྐོར་ཞིབ་ཚན་ཆུང་བཙུགས་ནས། ཆེད་སྤྱོད་སྐོར་ཞིབ་བྱ་བ་སྤེལ་ཏེ། སྔར་ལས་བཟང་བོའི་སྒོ་ནས་སྐོར་ཞིབ་ལྟ་སྐུལ་བྱ་བའི་ཁེབས་རྒྱ་བསྐྱེད་པའི་བྱ་བ་མངོན་འགྱུར་བྱས།

ཚེས་ལྔ་ཉིན་ཆེད་སྤྱོད་སྐོར་ཞིབ་ཚན་ཆུང་དང་པོ་སོ་སོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་ཁོངས་གཏོགས་སུ་བསྡད་དེ་ཆེད་སྤྱོད་སྐོར་ཞིབ་བྱ་བ་སྤེལ་བ་དང་། ཆེད་སྤྱོད་སྐོར་ཞིབ་བྱ་བ་སྤེལ་ནས་གཙོ་བོ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གནས་ཚུལ་དང་ཆེད་སྤྱོད་གནད་དོན་ལ་རྒྱུས་ལོན་བྱས། རེབ་འདིའི་ཆེད་སྤྱོད་སྐོར་ཞིབ་བྱེད་ས་གཙོ་བོ་ནི་གཏེར་ཐོན་ཐོན་ཁུངས་བཀོད་སྒྲིག་དང་དོ་དམ། ནོར་སྲིད་མ་དངུལ་བཀོལ་སྤྱོད་ཕན་འབྲས་བཅས་ཀྱི་ཕྱོགས་ཡིན་ཞིང་། ཆེད་སྤྱོད་སྐོར་ཞིབ་ཀྱི་དུས་ཚོད་ཟླ་གཅིག་རེད། ཆེད་སྤྱོད་སྐོར་ཞིབ་གཉིས་པ་མཚོ་ནུབ་ཁུལ་དང་། ཆུ་བེད་དང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁོངས་གཏོགས་ནས་སྤེལ་རྒྱུ་རེད།

ཞིང་ཆེན་ཏང་ཨུས་སྐོར་ཞིབ་ཚན་ཆུང་རེ་རེས་བྱ་བའི་རྩ་དོན་ལ་རྒྱུན་འཁྱོངས་བྱེད་ཕོད་པ་དང་། འགན་འཁྲི་ཁུར་ཕོད་པར་བྱས་ཏེ། སྔར་ལས་གནས་བབ་གསར་བའི་འོག་སྐོར་ཞིབ་བྱ་བའི་དགོས་གཏུག་རང་བཞིན་དང་འགན་འཁྲིའི་རང་བཞིན་ཇེ་དྲག་ཏུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། སྐོར་ཞིབ་བྱ་བའི་སྐོར་ཞིབ་ལྟ་སྐུལ་བྱ་བ་བཟང་བོར་སྒྲུབ་ནས། ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁྲིའི་བྱ་བ་ལག་བསྟར་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག