མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དཔའ་ལུང་རྫོང་དང་གཅན་ཚ་རྫོང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འཛུགས་བྱ་འགུལ་སྤེལ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར། མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་གཅན་ཚ་རྫོང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་བྱ་བ་དེ་གཙོ་བོར་བརྩིས་ནས། དཔའ་ལུང་དང་གཅན་ཚ་རྫོང་གཉིས་ཀྱིས་མཉམ་འཛུགས་བྱེད་པའི་བྱ་འགུལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་པ་དང་། ཕན་ཚུན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་བརྒྱུད་ནས། མཉམ་འཛུགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་མཉམ་འཛུགས་ཀྱི་སྒྲིག་སྲོལ་གསར་སྤེལ་བྱེད་པ། མཉམ་འཛུགས་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་བྱས་ཏེ། རྫོང་གཉིས་ཀྱིས་མཉམ་འཛུགས་བྱེད་པའི་བྱ་འགུལ་བྱ་བའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས།

རྫོང་གཉིས་ཀྱིས་ཧུར་ཐག་གིས་ཞིང་ཆེན་ཏང་ཨུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱས་ནས། ཁྱིམ་མཚེས་རྫོང་བར་གྱི་མཛའ་མཐུན་འབྲེལ་བའི་བྱ་བའི་སྒྲིག་སྲོལ་འཐུས་ཚང་དང་གསར་སྤེལ་བྱེད་པ་དང་། ཕན་ཚུན་བར་འཚམས་འདྲི བརྗེ་རེས་བྱེད་པ་དང་དམངས་ཁྲོད་ཀྱི་མཉམ་འབྲེལ་བྱ་འགུལ་སོགས་ཀྱི་རྣམ་པ་བརྒྱུད་ནས། རྣམ་པ་མི་འདྲ་བའི་ཁྱིམ་མཚེས་རྫོང་བར་གྱི་མཛའ་མཐུན་བྱ་འགུལ་སྤེལ་བར་རྒྱུན་འཁྱོངས་བྱས་ཏེ། རྫོང་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚང་མ་ཕན་ཚུན་རྒྱབ་རྟེན་དང་ཕན་ཚུན་སྐུལ་སློང་། ཕན་ཚུན་མཐོར་འདེགས་བྱེད་པའི་ཁྱིམ་མཚེས་རྫོང་བར་གྱི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བ་དང་། རྣམ་པ་མི་འདྲ་བའི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་བ་བརྒྱུད་ནས། བདེ་འཇགས་དཔལ་ཡོན་ཞང་དང་སྡེ་བ་འཛུགས་པའི་བྱ་འགུལ་དང་། ས་མཚམས་རྩོད་གཞི་ཉེན་བརྡའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས། མུ་མཐུད་དུ་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་ནས། ས་ཆ་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་རྩེ་དང་བྱ་བའི་སྤོབས་སེམས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་དང་འཆམ་མཐུན་སྤྱི་ཚོགས་གསར་སྐྲུན་བྱེད་པའི་སྟེང་གཅིག་སྒྲིལ་བྱས་ཏེ། མི་ཚང་མའི་གཏན་འཇགས་བསམ་པ་དང་། མི་ཚང་མས་འཆམ་མཐུན་བརྩོན་ལེན་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས་ལ། ཧུར་ཐག་གིས་ཡུལ་སྐོར་དང་ཕྱུགས་ལས། རིག་གནས། སྐྱེ་ཁམས། གཏན་འཇགས་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཐོན་ཁུངས་མཉམ་སྤྱོད་དང་། ཆ་འཕྲིན་བརྗེ་རེས། ཕན་ཚུན་རོགས་རེས། མཐུན་སྒྲིལ་མཉམ་སྤེལ་བྱས་ནས། གཉིས་ཕན་མཉམ་རྒྱལ་གྱི་དམིགས་ཡུལ་མངོན་འགྱུར་བྱས་ཏེ། རྫོང་གཉིས་ཀའི་མི་དམངས་ཀྱིས་མཉམ་དུ་འཕེལ་རྒྱས་བརྩོན་ལེན་དང་མཉམ་དུ་སྤྱི་ཚོགས་གཏན་འཇགས་ལ་སྐུལ་འདེད་བྱེད་པར་བྱས་རྗེས་བསྐྲུན་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག