མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་ད་ལོར་ཡང་བསྐྱར་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་སྤེལ་རྒྱུ་རེད།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་ཐོན་ཁུངས་གང་ལེགས་སྒོས་མཚོན་པར་བྱེད་པ་དང་། ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་བྱ་བ་སྔར་ལས་རྒྱ་བསྐྱེད་པ། རིག་གནས་དང་གནས་སྐོར་གཉིས་མཉམ་དུ་སྤེལ་བའི་བྱ་བ་ཡར་སྐུལ་བྱེད་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྔར་ལས་མགྱོགས་པའི་སྒོ་ནས་འཕེལ་རྒྱས་དང་ཡར་སྐུལ་གཏོང་ཆེད། ཁུལ་དེས་ད་ལོར་ཉིས་སྟོང་བཅུ་བཞི་ལོའི་སྐབས་གཉིས་པའི་རྨ་ལྷོ་ཁུལ་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་བསྒྲུབ་རྒྱུ་ཡིན་པ་དང་། རྨ་ལྷོ་ཁུལ་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་སྐབས་གཉིས་པའི་སྐབས་སུ“རབ་མཛེས་ཀྱི་མཚོ་སྔོན། ཡིད་འོང་གི་རྨ་ལྷོ”ཞེས་པ་བརྗོད་བྱ་གཙོ་བྱས་ནས། ཕུན་སུམ་ཚོགས་པའི་མི་རིགས་དམངས་སྲོལ་རིག་གནས་དར་སྤེལ་བྱེད་པ་དང་། རིག་གནས་གནས་སྐོར་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བྱ་བ་ཡར་སྐུལ་བྱེད་རྒྱུ་རེད།

གསར་འགོད་པས་རྨ་ལྷོ་ཁུལ་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་སྐབས་གཉིས་པའི་བྱ་འགུལ་རབ་དང་རིམ་པ་ཐུན་རིན་ས་ཁུལ་གྱི་རེབ་གོང་དྲུག་པའི་གླུ་རོལ་སོགས་དམངས་སྲོལ་དུས་ཆེན་དང་། རེབ་གོང་སྒྱུ་རྩལ་དང་ཁམ་རའི་གནས་སྐོར་ཐོན་ཁུངས་གཙོ་བྱས་ནས་བསྒྲུབ་རྒྱུ་ཡིན་པ་དང་། རྨ་ལྷོ་ཁུལ་གྱི་དམངས་སྲོལ་རིག་གནས་བྱ་འགུལ་སྣ་ཚོགས་དང་རང་བྱུང་མཛེས་ལྗོངས་ལ་ལྟ་སྐོར་བྱེད་ས་སོགས་དང་ཟུང་དུ་སྦྲེལ་ནས། དྲིལ་སྒྲོག་མཚམས་སྦྱོར་དང་། སྐུད་ལམ་ཇུས་འགོད། ཚོང་འགུག་དངུལ་འདྲེན་སོགས་བྱ་བ་སྤེལ་རྒྱུ་ཡིན་པ་དང་། རྨ་ལྷོ་ཁུལ་གྱི་ཕྱི་ཕྱོགས་སུ་གྲགས་སྐད་ཆེ་བའི་མཚན་སྙན་གྲགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་རེད།

སྐབས་དེའི་བྱ་འགུལ་གྱི་ནང་དོན་གཙོ་བོ་རྨ་ལྷོ་ཁུལ་རེབ་གོང་རིག་གནས་གནས་སྐོར་སྐབས་གཉིས་པའི་མཛད་སྒོའི་སྟེང«རེབ་གོང་གི་མཚར་ཉམས»དང་«རབ་མཛེས་ཀྱི་མཚོ་སྔོན། ཡིད་འོང་གི་རྨ་ལྷོ»ཞེས་པའི་དམངས་སྲོལ་གླུ་གར་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་། རྩེ་ཁོག་གི་ཨ་མྱེས་རྨ་རྒྱུད་དམངས་སྲོལ་རིག་གནས་གནས་སྐོར་དུས་ཆེན་དང་ཐུན་རིན་རྫོང་རེབ་གོང་ཐང་གའི་འབྲི་བཞེངས་འགྲན་བསྡུར། མཚོ་སྔོན་པོའི་རྒྱལ་སྤྱིའི་ལྕགས་རྟའི་འགྲན་བསྡུར་སྐབས་བཅུ་གསུམ་པ། རེབ་གོང་དྲུག་པའི་གླུ་རོལ། ཧི་ནན་རྫོང་སྲིད་གཞུང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དུས་ཆེན་དང་། ན་ཏ་མུའུ་དུས་ཆེན། གཅན་ཚའི་གཡང་མདའ་རྟགས་ཅན་གྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གདན་ཞུ་མདའ་འཕེན་སྐབས་གསུམ་པ་དང་མདའ་སྟོན་རིག་གནས་དུས་ཆེན་སོགས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག