མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཐོ་སྒང་བོད་ཡུལ་དུ་ཇ་སྡོང་འཛུགས་པའི་ལས་ལ་བྲེལ་བཞིན་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-05-06 10:13

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པད་མ་རྫོང་གིས་བོད་རིགས་མང་ཚོགས་ཞིག་གིས་བོད་ཇའི་སྡོང་ཕྲུག་འཛུགས་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་རི་སྐྱེས་བོད་ཇའི་སྡོང་ཕྲུག་འཛུགས་པའི་དུས་སྐབས་ཡིན་ལ། ས་གནས་བོད་རིགས་མང་ཚོགས་ཀྱིས་ཇ་སྡོང་གི་སྡོང་ཕྲུག་འཛུགས་པའི་ལས་ལ་བྲེལ་བཞིན་ཡོད། རྒྱུས་ལོན་པ་ལྟར་ན། པད་མའི་རི་སྐྱེས་བོད་ཇ་ལ་སྐྱེ་ཁམས་དང་གནས་སྐོར། དཔལ་འབྱོན་བཅས་ཀྱི་རིན་ཐང་ལྡན་ཞིང་། གསོ་སྐྱོང་དང་འདེབས་འཛུགས་བྱེད་སླ་བ། གསོན་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་མིས་འདེབས་འཛུགས་བྱས་ནས་ལོ5ནས་ལོ6འགོར་རྗེས། ས་མུའུ་རེ་ནས་ཇ་རྒྱ་མ5ཡས་མས་ཐོན་ཐུབ་པ་དང་ཡོང་སྒོ་སྒོར་ཁྲི2ལ་སླེབས་ཐུབ། ཉེ་བའི་ལོ་འགའི་རིང་། ས་གནས་སྲིད་གཞུང་གིས་རོང་འབྲོག་པ་མང་ཚོགས་ལ་སྣེ་ཁྲིད་དེ་རི་སྐྱེས་བོད་ཇ་འདེབས་འཛུགས་བྱས་ཤིང་། དེ་རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བའི་ཐབས་ལམ་གསར་བ་ཞིག་ཏུ་གྱུར་ཡོད།  །

འདི་ནི་པད་མ་རྫོང་གིས་མར་ཁུག་ཆུ་བོའི་ནགས་ར་ནས་བོད་ཇའི་སྡོང་ཕྲུག་འཛུགས་པའི་ཡུལ་དངོས་རེད།

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག