མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ལྔ་གཅིག”ངལ་གསོའི་སྐབས་སུ་མཚོ་སྔོན་གྱི་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར4.1ལ་སླེབས་ཤིང་རྒྱལ་ཁབ་ཕྱི་ནང་གནས་སྐོར་པ་མི་ཐེངས་ཁྲི92.13སྣེ་ལེན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-05-06 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”ངལ་གསོའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་ཁྲི92.13སྣེ་ལེན་བྱས་པ་དང་དུས་མཉམ་ལས26.3%འཕར་ཞིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར4.1མངོན་འགྱུར་བྱས་ལ27.3%འཕར་ཡོད། དེའི་ནང་ཉིན་གཅིག་གནས་སྐོར་གྱི་གནས་སྐོར་པ་མི་ཐེངས་ཁྲི71.55དང་དུས་མཉམ་ལས23.6%འཕར་ཡོད།

“ལྔ་གཅིག”ངལ་གསོའི་སྐབས་སུ། མཚོ་སྔོན་གྱི་གནས་སྐོར་ཚོང་རར་འཕེལ་རྒྱས་ཆེན་པོ་བྱུང་ནས་ད་ལོའི་མཚོ་སྔོན་གནས་སྐོར་གྱི་མགོ་ལེགས་པོ་བརྩམས། ཉིན་གསུམ་རིང་ཞིང་ཆེན་ཡོངས་ཀྱི་གནས་སྐོར་པ་དང་གནས་སྐོར་ཡོང་སྒོ་གཉིས་ཀ་གོང་དུ་འཕར། དེའི་ནང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་པ་མི་ཐེངས་ཁྲི1.78སྣེ་ལེན་བྱས་པ་དང་དུས་མཉམ་ལས13%འཕར་བ་དང་། གནས་སྐོར་ཡོང་སྒོ་སྒོར་ཁྲི199.87དང་དུས་མཉམ་ལས6.67%འཕར་ཡོད། ཁྲི་ཀས་གནས་སྐོར་པ་མི་ཐེངས་ཁྲི13.62སྣེ་ལེན་བྱས་ལ་དུས་མཉམ་ལས8.96%འཕར་ཞིང་གནས་སྐོར་ཡོང་སྒོ་སྒོར་ཁྲི3619.05བསྐྲུན་པ་དང་དུས་མཉམ་ལས7.23%འཕར་ཡོད། ཧུའུ་ཀྲུའུ་རྫོང་གིས་གནས་སྐོར་པ་མི་ཐེངས་ཁྲི3.71སྣེ་ལེན་བྱས་ལ་དུས་མཉམ་ལས8%འཕར་ཞིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི1040བསྐྲུན་པ་དང་དུས་མཉམ་ལས50%འཕར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག