མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་རོང་འབྲོག་པ་མི56982ལ་སྨན་བཅོས་འགན་སྲུང་བྱང་བུ་བྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-05-06 10:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་བརྩོན་གྱིས་མ་དངུལ་ཧྲག་བསྡུ་བྱས་ཏེ། ད་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་རྨ་ལྷོ་ཁུལ་ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་དྲ་བའི་མ་ལག་དངོས་སུ་ལག་བསྟར་བྱས་ཤིང་། རོང་འབྲོག་པ་མང་ཚོགས་ཀྱིས་ནད་བཅོས་བྱེད་པར་ཞིང་ཆེན་དང་ཁུལ། རྫོང་། ཤང་བཅས་ནས“བྱང་བུ་གཅིག”གི་འགན་སྲུང་ཐུབ་པ་མངོན་འགྱུར་བྱས།

རྒྱུས་ལོན་པ་ལྟར་ན། རྨ་ལྷོ་ཁུལ་གྱི་གསར་དར་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི་གྲངས་ཁྲི19.53ལ་སླེབས་ཤིང་། མིག་སྔར་མི་ཁྲི17.51གི་གཞི་རྩའི་ཆ་འཕྲིན་དག་རྨ་ལྷོ་ཁུལ་ཤང་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་ཆ་འཕྲིན་དྲ་བའི་མ་ལག་ནང་བཅུག་ཡོད་པ་དང་། སྐོར་དང་པོའི་བཟོ་སྒྲིག་ལེགས་འགྲུབ་བྱུང་བའི་སྨན་བཅོས་འགན་སྲུང་བྱང་བུ56982བྱིན། སྐོར་གཉིས་པའི་སྨན་བཅོས་འགན་སྲུང་དུ་ཞུགས་པའི་རོང་འབྲོག་པ་མང་ཚོགས་ཀྱི་འདྲ་པར་ཆ་འཕྲིན་བསྡུ་བའི་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་ལ། ཚོད་དཔག་ལྟར་ན་ཟླ5བའི་ཟླ་མཇུག་བར་དུ་རོང་འབྲོག་པའི་སྨན་བཅོས་འགན་སྲུང་བྱང་བུ50000སྟེར་རྒྱུ་རེད། དུས་མཚུངས་སུ་སྨན་བཅོས་འགན་སྲུང་བྱང་བུ་མ་བླངས་པའི་རོང་འབྲོག་པའི་སྨན་བཅོས་གནད་དོན་ཐག་གཅོད་ཆེད། ཆེད་དུ་ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་ནང་སྤྱི་དམངས་ཐོབ་ཐང་ཨང་གྲངས་འཇུག་པའི་རྣམ་པ་སྤྱད་དེ། རོང་འབྲོག་པས་སྤྱི་དམངས་ཐོབ་ཐང་དཔང་ཡིག་ལ་བརྟེན་ནས་ཆེད་དམིགས་སྨན་བཅོས་ལས་ཁུངས་སུ་ནད་བཅོས་བྱས་ཆོག་པ་ཡིན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག