མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲིན་ཀྲང་ཧའོ་ཕིན་གྱིས་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་སྒྱུར་གནས་ཚུལ་ལ་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས4ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་སྒྱུར་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། སྔར་ལས་བཟང་བོའི་སྒོ་ནས་ཚོང་རའི་འཕེལ་རྒྱས་བྱ་བ་གཙོ་བོ་ཡར་སྐུལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས།

ཞིང་ཆེན་སྲིད་གཞུང་གིས་བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་སྒྱུར་བྱས་ནས་ཚོང་རའི་འཕེལ་རྒྱས་བྱ་བ་གཙོ་བོ་ཡར་སྐུལ་བྱེད་པའི་བསམ་འཆར་བཀོད་པའི་ཚུན་ལ། བྱ་བའི་འཕེལ་རིམ་གནས་ཚུལ་ཅི་འདྲ་ཡིན་པ་དང་། འགན་སྲུང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཡོད་མིན། ཚོང་ར་གཙོ་བོ་འཁོར་རྒྱུག་བྱས་ཚད་ཅི་འདྲ་ཡིན་པ། རྒྱ་ཆེའི་ཁེ་ལས་དང་མང་ཚོགས་ཚོང་རའི་ཁྲོད་ནས་བླངས་བའི་ཕན་ཁེ་ཅི་འདྲ་ཡིན་པ་སོགས་གནད་དོན་ནི་ཧྲིན་ཀྲང་ཧའོ་ཕིན་གྱིས་སེམས་ཁུར་བྱེད་ས་གཙོ་བོ་རེད།

ཉིན་དེའི་སྔ་དྲོར་ཧའོ་ཕིན་ཐོག་མར་ཏུང་ཁྲོན་བཟོ་ལས་ས་ཁུལ་དོ་དམ་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་བཟོ་ཚོང་ཐོ་འགོད་བྱེད་སར་སོང་ནས། བཟོ་ཚོང་ཐོ་འགོད་བྱ་བ་སྒྲུབ་བཞིན་པའི་ཁེ་ལས་འགན་ཁུར་བ་དང་། དེར་ཡོང་ནས་དོན་དག་སྒྲུབ་བཞིན་པའི་མང་ཚོགས་དང་དེ་མིན་ལས་བྱེད་མི་སྣ་རྣམས་དང་ལག་འཇུ་བྱས་ནས་ཁ་བརྡ་བྱས། དེར་ལག་རྟགས་སྒྲུབ་བཞིན་པའི་མི་སྣ་ཞིག་གིས་ཧྲིན་ཀྲང་ཧའོ་ཕིན་ལ་བཤད་རྒྱུར། ཁོ་མོས་ཐོ་འགོད་ལག་རྟགས་སྒྲུབ་སྐབས་ཉིན་གསུམ་མ་གཏོགས་མ་དགོས་པར་འགྲུབ་སོང་། སྔོན་ཆད་ཡིན་ན་ལག་རྟགས་སྒྲུབ་ན་ཉུང་མཐར་ཡང་ཟླ་ཕྱེད་ཙམ་དགོས་ཟེར། ཏུང་ཁྲོན་བཟོ་ལས་ས་ཁུལ་བཟོ་ཚོང་ཅུའུ་ཡི་འགན་ཁུར་བས་བཤད་རྒྱུར། ད་ལོའི་སྔོན་གྱི་ཟླ་བཞིའི་ནང་དུ་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྱིམ་ཚང་བསྡོམས་པས་བརྒྱ་དང་བཅུ་དྲུག་ཡོད་པ་དང་། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་སྒྱུར་བྱ་བ་སྤེལ་བའི་ཚུན་ལ། ཟླ་གཅིག་གི་རིང་ལ་ཁེ་ལས་ཁྱིམ་ཚང་གྱ་དྲུག་ཐོ་འགོད་བྱས་ཟེར། ཧའོ་ཕིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། བཅོས་སྒྱུར་གྱི་བྱེད་ཐབས་གསར་བས་ཚོང་རར་གསོན་ཤུགས་གསར་བ་བསྣན་པ་དང་། དེས་ང་ཚོའི་བཅོས་སྒྱུར་གྱི་གོམ་པ་བརྟན་པོའི་ངང་སྤོས་ཟིན་པས། བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་དུ་སྤེལ་བ་དང་བྱེད་ཐབས་རིམ་བཞིན་འཐུས་ཚང་དུ་བཏང་ནས། ངེས་པར་དུ་ཁེ་ཕན་སྔར་ལས་མང་བོ་སྐྲུན་པར་འབད་པ་བྱས་ནས། རྒྱ་ཆེའི་ཚོང་རའི་ཚོང་གཉེར་གཙོ་བོས་ཀྱང་དེའི་ཁྲོད་ནས་ཁེ་ཕན་སྔར་ལས་མང་པོ་ལེན་དགོས་ཟེར།

དེའི་རྗེས་སུ་ཁེ་ལས་ཁ་ཤས་དང་། སློབ་གྲྭ་ཆེན་མོ་བ་དང་དེ་མིན་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་འཐུས་མི་དང་མཉམ་དུ་བཞུགས་མོལ་བྱེད་སྐབས། ཧའོ་ཕིན་གྱིས་ཚང་མ་དང་མཉམ་དུ་བཅོས་སྒྱུར་གྱི་སྲིད་ཇུས་གསར་བ་དང་། དཔལ་འབྱོར་འཕེལ་རྒྱས། ལས་སྐྲུན་ལས་ཞུགས་བྱ་བ་གླེང་བ་མ་ཟད། བྱམས་བརྩེ་ངང་ཕན་ཚུན་བརྗེ་རེས་བྱས་ནས་ཚོགས་རའི་སྣང་ཚུལ་སྤྲོ་སེམས་ཀྱིས་ཁེངས།

ཧའོ་ཕིན་གྱིས་བསྟན་དོན། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་སྒྱུར་བྱེད་རྒྱུ་ནི་ད་ལོའི་བཅོས་སྒྱུར་ལས་འགན་གལ་ཆེན་ཞིག་ཡིན་པས། ད་ལྟ་བླངས་བའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། སྔར་ལས་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་དགོས་པ་དང་། ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་གཏོང་དགོས་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ལས་ཞུགས་བྱ་བ་ཡར་སྐུལ་བྱེད་པ་དང་། མང་ཚོགས་ལ་ཕན་བདེ་སྐྲུན་པའི་བྱ་བར་སྔར་ལས་བྱས་རྗེས་གསར་བ་འཇོག་དགོས། གཅིག་ནས་དམིགས་བསལ་གྱི་སྲིད་ཇུས་དོངས་འབེབས་བྱས་ནས། བཅོས་སྒྱུར་གྱི་ཚད་གཞི་ཡར་སྐུལ་བྱེད་པར་ཁག་ཐེག་བྱེད་དགོས། གཉིས་ནས་ཁྱད་སྟོབས་ལ་བརྟེན་ནས་འཕེལ་རྒྱས་སུ་བཏང་ནས། བཅོས་སྒྱུར་གྱི་ཁེ་ཕན་བཟང་བོ་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས། བཞི་ནས་འགན་འཁྲིའི་ནུས་པ་ཇེ་མཐོར་བཏང་ནས། བཅོས་སྒྱུར་བདེ་བླག་ངང་ཡར་སྐུལ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག