མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་སྡོད་དམངས་ཀྱི་རྒན་གསོ་མ་དངུལ་ཆུ་ཚད་ནུབ་རྒྱུད་ཞིང་ཆེན་ས་ཁུལ་གྱི་དང་པོ་རུ་གྱུར་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-05 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་ཞིང་སྡེ་གསར་བའི་སྤྱི་ཚོགས་རྒན་གསོ་ཉེན་བཅོལ་དང་མཁར་གྲོང་གི་སྤྱི་ཚོགས་རྒན་གསོ་ཉེན་བཅོལ་ཐད་ཀྱི་རྒན་གསོ་མ་དངུལ་ཡང་བསྐྱར་ཇེ་མཐོར་བཏང་ཞིང་།  མི་རེར་ཟླ་རེའི་སྒོར110འགྲེམ་གཏོང་བྱེད་བཞིན་ཡོད་པས། མཁར་གྲོང་གི་སྡོད་དམངས་ཁྲི3ལྷག་དང་ཞིང་སྡེའི་སྡོད་དམངས་ཁྲི38ལ་ཕན་ཁེ་ཐོབ།  རྒན་གསོ་མ་དངུལ་ཇེ་མཐོར་བཏང་རྗེས།  རང་ཞིང་སྡོད་དམངས་ཀྱི་རྨང་གཞི་རང་བཞིན་གྱི་རྒན་གསོ་ཆུ་ཚད་ནུབ་རྒྱུད་ཞིང་ཆེན་ས་ཁུལ་ལས་དང་པོ་རུ་གྱུར་ཡོད་ལ།  འདི་ལས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དོན་བཟང་བཅུ་སྒྲུབ་རྒྱུ་ཡིན་པའི་ཆོད་སེམས་མངོན་འགྱུར་བྱུང་བ་མཚོན་ལ།  སྔར་ལས་ལྷག་པར་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

ཉེ་བའི་ལོ་འགའི་རིང་རང་ཞིང་གིས་ནུས་ཤུགས་ཡོད་ཚད་བཏོན་ནས་དམངས་འཚོ་ལེགས་བཅོས་བྱས་པ་དང་།  སྔ་གཞུག་ཏུ་ཞིང་སྡེ་གསར་བའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཞིང་སྡེ་ཡོངས་དང་མཁར་གྲོང་ཡོངས་ལ་ཁྱབ་གདལ་དུ་གཏོང་བར་ལེགས་འགྲུབ་བྱུང་ཡོད་པས།  སྤྱི་ཚོགས་འགན་སྲུང་བྱ་བར་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་ཡོད་པ་རེད།  དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“དམངས་འཚོ་བྱ་གཞག་གཙོ་གནད་དུ་བཞག་ནས། བཅོས་བསྒྱུར་གྱི་འདུ་ཤེས་དམངས་འཚོ་བྱ་བའི་ཁྲོད་དུ་རྒྱུན་འཁྱོངས་བྱེད་པ”ཞེས་སྲིད་སྐྱོང་བ་དམངས་ཀྱི་ཆེད་ཡིན་པ་ཁས་ལེན་བྱས་པར་མཚོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག