མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོ་ནང་རང་ཞིང་གིས་ཀྲུང་དབྱང་སྔོན་རྩིས་ཕྱོགས་ཀྱི་དངུལ་གཏོང་སྒོར་དུང་ཕྱུར3.57དངོས་འབེབས་བྱས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-05 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན།  དུས་ཚིགས་དང་པོར་ནང་རང་ཞིང་གིས་ཀྲུང་དབྱང་སྔོན་རྩིས་ཕྱོགས་ཀྱི་དངུལ་གཏོང་སྒོར་དུང་ཕྱུར3.57དངོས་འབེབས་བྱས།

ད་ལོ་ནས་བཟུང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ས་ཁུལ་གྱི་ལས་ཁུངས་དང་མཉམ་དུ།  “ཁུལ་གསུམ”འཛུགས་སྐྲུན་དང་ཀྲུང་དབྱང་གིས་མ་དངུལ་གཏོང་བར་གཞིར་བྱས་ཏེ། སྔ་མོ་ནས་འཆར་གཞི་འཐེན་པ་དང་།  བཀོད་སྒྲིག་བྱེད་པ།  ལག་བསྟར་བྱེད་པ་བཅས་དམངས་འཚོ་འགན་སྲུང་དང་ལེགས་བསྒྱུར།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན།  ཐོན་ལས་ལེགས་བསྒྱུར།  སྤྱི་ཚོགས་བྱ་གཞག་འཕེལ་རྒྱས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་རྣམ་གྲངས་སྐོར་ཞིག་ཡར་ཞུ་བྱས་པ་དང་དུས་མཚུངས་སུ།  ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་དང་འབྲེལ་ཡོད་ཀྲུའུ་རིན་གྱིས་སྣེ་ཁྲོད་འོག  ཐེངས་མང་པོར་རྒྱལ་ས་པེ་ཅིན་དུ་སོང་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ལ་སྙན་ཞུ་ཕུལ་བ་དང་འབྲེལ་གཏུགས་བྱས་ཏེ།  མ་དངུལ་བརྩོན་ལེན་དངོས་འབེབས་བྱ་བར་ནུས་ཤུགས་བཏོན།  འབད་པ་ལྷོད་མེད་བྱས་པ་བརྒྱུད།  ད་ལོའི་ཟླ3པའི་ཟླ་མཇུག་བར།  རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དུ་ཀྲུང་དབྱང་སྔོན་རྩིས་ཕྱོགས་ཀྱི་དངུལ་གཏོང་སྒོར་དུང་ཕྱུར3.57བརྩོན་ལེན་དངོས་འབེབས་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག