མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་རབ་བརྟན་རྨ་ལྷོ་ཁུལ་དུ་སོང་ནས་ཏང་སྲོལ་སྲིད་གཙང་བྱ་བར་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-05 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་རྨ་ལྷོ་ཁུལ་དུ་་སོང་ནས་གཞི་རིམ་གྱི་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་བརྟག་དཔྱད་བྱེད་སྐབས་རིམ་པ་སོ་སོའི་ཏང་ཨུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་ལས་དོན་ཕྱོགས་ནས་ཚད་མཐོ་བའི་འགན་ཁུར་དགོས་པའི་སྙིང་སྟོབས་ཆེན་པོ་བཅངས་ཏེ། ཏང་གཤིས་སྲིད་གཙང་འཛུགས་སྐྲུན་ཐད་ཀྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་བ་ནན་གྱིས་བསྟན།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ནི་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་དང་། ལག་བསྟར་མཁན། སྐུལ་འདེད་བྱེད་མཁན་ཡིན་པས། ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཅིག་གྱུར་གྱི་སྒོ་ནས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། གནད་དོན་ཆེན་པོར་ཞིབ་འཇུག་དང་ཐག་བཅད་ནས། མཉམ་དུ་དམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་གནས་བབ་ཆགས་པར་བྱེད་པ་དང་། འགན་འཁྲི་གཙོ་བོའི་བྱ་བའི་འགན་ཁུར་སྔར་ལས་གསལ་བོ་བྱེད་པ་དང་། རང་རྟོགས་ཀྱིས་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་གྱི་རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན། གཞི་རྩའི་རང་བཞིན་གྱི་བྱ་བར་དམ་འཛིན་བྱེད་པ། འགན་འཁྲི་ལམ་ལུགས་ཀྱི་ལག་བསྟར་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། འོག་རིམ་ཏང་ཨུས་གོང་རིམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་འགན་འཁྲི་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ་དང་། འོག་རིམ་ཏང་ཨུའི་འགན་ཁུར་མི་སྣས་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་འགན་འཁྲི་དང་སྲིད་གཙང་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན་བཅས་གསལ་བཤད་བྱེད་པའི་བྱ་བའི་སྒྲིག་སྲོལ་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་། འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཇེ་ཚང་དུ་གཏོང་བ། འགན་འཁྲི་ཐག་གཅོད་ནན་མོ་བྱེད་པ་དང་། འགན་འཁྲི་རྩད་གཅོད་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། འགན་འཁྲི་གཉིས་ལག་བསྟར་བཟང་བོ་མ་བྱས་པའི་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་ནན་མོ་བཅས་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག