མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་སོགས་“ང་ཡི་ཀྲུང་གོའི་ཕུགས་འདུན་ཏེ་འབད་འཐབ་ཀྱི་ལང་ཚོ་ནི་ཆེས་མཛེས”ཞེས་པའི་ལང་ཚོ་མཉམ་རོལ་འདུ་ཚོགས་ལ་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྔ་བཞི་ན་གཞོན་དུས་ཆེན་གྱི་སྔོན་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གཉིས་དང་མཉམ་དུ་མཚོ་སྔོན་ན་གཞོན་ལས་སྐྲུན་གླིང་དུ་སོང་ནས་རྟོག་ཞིབ་བྱས་པ་མ་ཟད།“ ང་ཡི་ཀྲུང་གོའི་ཕུགས་འདུན་ཏེ་འབད་འཐབ་ཀྱི་ལང་ཚོ་ནི་ཆེས་མཛེས”ཞེས་པའི་ལང་ཚོ་མཉམ་རོལ་འདུ་ཚོགས་ལ་ཞུགས།

ཝང་ཅན་ཅོན་སོགས་ཀྱིས་ལང་ཚོ་ལས་སྐྲུན་གླིང་གི་འཕེལ་རྒྱས་ལོ་རྒྱུས་དང་ལས་སྐྲུན་སྡེ་ཚོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། ལས་སྐྲུན་གླིང་གི་ན་གཞོན་ཚོ་དང་མཉམ་དུ་གླེང་མོལ་བྱས། ཝང་ཅན་ཅོན་གྱིས་ན་གཞོན་ལས་སྐྲུན་པ་རྣམས་ལ་བསླབ་པའི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་དགོས་མཁོ་གཉིས་ཕན་ཚུན་ཟུང་དུ་སྦྲེལ་ནས་འབད་འབུངས་ཀྱིས་བྱ་བ་བསྒྲུབ་སྟེ་སྔ་མོ་ནས་གྲུབ་འབྲས་ལེན་དགོས་ཞེས་བཤད།

“ང་ཡི་ཀྲུང་གོའི་ཕུགས་འདུན་ཏེ་འབད་འཐབ་ཀྱི་ལང་ཚོ་ནི་ཆེས་མཛེས”ཞེས་པའི་ལང་ཚོ་མཉམ་རོལ་འདུ་ཚོགས་སྟེང་ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་གཏམ་བཤད་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས། ཁོས་བཤད་རྒྱུར། དེ་རིང་ང་ཚོས་རླབས་ཆེ་བའི་དུས་རབས་ཤིག་ཏུ་འཚོ་བ་རོལ་བཞིན་ཡོད་པས། ན་གཞོན་རྣམས་ཀྱི་འགན་འཁྲི་ཧ་ཅང་ལྕི། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཚེ་སྲོག་ལ་གཅེས་སྤྲས་དང་འཚོ་བར་གཅེས་སྤྲས་བྱས་ནས་སྤོབས་པ་ཆེར་སྐྱེད་ཀྱིས་མེས་རྒྱལ་དང་མི་དམངས། ཁྱིམ་ཚང་བཅས་ཀྱི་ཆེད་དུ་འབུལ་འོས་པའི་སྟོབས་ཤུགས་འབུལ་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག