མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལྔ་གཅིག་གུང་གསེང་སྐབས་སུ་ཟི་ལིང་མི་དམངས་སྤྱི་གླིང་གིས་གནས་སྐོར་བ་མི་ཐེངས་ཁྲི50སྣེ་ལེན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-04 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས3ཉིན་གྱི་ཕྱི་དྲོར། གསར་འགོད་པས་ཟི་ལིང་མི་དམངས་སྤྱི་གླིང་དུ་རྒྱུས་ལོན་པ་ལྟར་ན། ལྔ་གཅིག་གུང་གསེང་གཏོང་བའི་ཉིན་གསུམ་རིང་ལ། མི་དམངས་སྤྱི་གླིང་གིས་གནས་སྐོར་བ་བསྡོམས་པས་མི་ཐེངས་ཁྲི50སྣེ་ལེན་བྱས་པ་དང་།  སོ་སོར་ཟླ5བའི་ཚེས1ཉིན་མི་ཐེངས་ཁྲི19དང་ཚེས2ཉིན་མི་ཐེངས་ཁྲི20།  ཚེས3ཉིན་མི་ཐེངས་ཁྲི11བཅས་སྣེ་ལེན་བྱས།  སྤྱི་གླིང་དུ་གནས་སྐོར་ལྗོངས་རྒྱུ་བྱེད་མཁན་ན་ནིང་དང་བསྡུར་ན་དུས་མཉམ་ལས་མི་ཐེངས་ཁྲི10ཡར་འཕར་ཡོད།

 མི་དམངས་སྤྱི་གླིང་གི་འབྲེལ་ཡོད་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལྔ་གཅིག་གུང་གསེང་སྐབས་ཀྱི་གནས་སྐོར་སྐལ་བཟང་ལ་བསུ་མ་བྱེད་ཆེད། སྤྱི་གླིང་གིས་སྔ་མོ་ནས་གྲ་སྒྲིག་བྱ་བ་སྒྲུབ་པ་དང་།  རོལ་ཆས་ཡོད་ཚད་ཞིག་གསོ་དང་གཅེས་སྐྱོང་བྱེད་པ་སོགས་ཉེན་ཁ་འབྱུང་སླ་བའི་གནས་ལ་དག་སེལ་བྱས།  མི་དམངས་སྤྱི་གླིང་གི་བརྗོད་དོན་གཙོ་བོ་ཏེ། ཡུལ་རྒྱན་མེ་ཏོག་ལྔ་གཅིག་གུང་གསེང་སྐབས་སུ་དུས་ལྟར་བཞད་པར་འཇུག་ཆེད།  ལོ་སར་རྗེས་སུ་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས་ཡུལ་རྒྱན་མེ་ཏོག་གསོ་སྐྱོང་བྱེད་པའི་བྱ་བ་སྒྲུབ་པ་དང་།  ཁ་མདོག་མི་འདྲ་བའི་ཡུལ་རྒྱན་མེ་ཏོག་རྐང་ཁྲི30ལྔ་གཅིག་སྐབས་སུ་རྣམ་པར་བཞད་པར་ཁེག་ཐག་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག