མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོ་ནང་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་བསྡུ་སོ་སོའི་ཡོང་སྒོ་སྒོར་དུང་ཕྱུར77.2ལ་བསླེབས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-04 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་འཕར་ཚུལ་མི་ལེགས་པ་དང་ཁྲལ་བསྡུ་ཇེ་ཉུང་དུ་སོང་བའི་གནོན་ཤུགས་ཁྱད་དུ་བསད་ནས།  དུས་ཚིགས་དང་པོ་ནང་ཞིང་ཆེན་ཡོངས་ཀྱིས་ཁྲལ་བསྡུ་སོ་སོའི་ཡོང་སྒོ་སྒོར་དུང་ཕྱུར77.2ལེགས་འགྲུབ་བྱུང་།

རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནང་།  ཞིང་ཆེན་ནོར་སྲིད་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ།  རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འབྲེལ་ཡོད་སྲིད་ཇུས་དང་སྒྲིག་གཞི་རིང་བཞིན་གྱི་ཁྲལ་ཉུང་སྲིད་ཇུས་ལག་བསྟར་བྱས་པ་དང་།  སྒྲིག་གཞི་རིང་བཞིན་གྱི་ཁྲལ་ཉུང་སྲིད་ཇུས་ལག་བསྟར་བྱས་པས་ཁེ་ལས་ཀྱི་དཔྱ་ཁྲལ་བསྡུ་བའི་ལས་འགན་ལྗིད་མོ་དང་ནང་མཁོ་རྒྱ་བསྐྱེད་པ།  དཔལ་འབྱོར་སྒྲིག་གཞི་ལེགས་བཅོས་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་སོགས་ལ་ནུས་ཤུགས་ཆེན་པོ་བཏོན།  གཞན་ད་དུང་རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་བར་འཕེལ་རྒྱས་བྱེད་པའི་ཐོབ་ཁྲལ་ཕྱོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ།  ཁེ་ལས་ཆུང་བ་དང་སྒེར་གཉེར་ཚོང་ལས་རྒྱུན་ལྡན་གྱི་ཐོན་སྐྱེད་ཚོང་གཉེར་ལ་རྒྱབ་སྐྱོར་བྱས་པ་བརྒྱུད།  དཔལ་འབྱོར་འཕེལ་རྒྱས་བྱེད་པར་སྐུལ་འདེད་བྱས།

ཁྲལ་བསྡུ་སོ་སོའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད།  ཁེ་ལས་ཀྱི་མ་དངུལ་གཏོང་དཀའ་བའི་འགལ་ཟླ་སེལ་རོགས་བྱས་པ་མ་ཟད།  རང་ཞིང་གི་དངུལ་གཏོང་ཁོར་ཡུག་ལེགས་བཅོས་བྱས་པ་དང་།  ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་དུ་བཏང་པས།   ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་མཐུན་རྐྱེན་སྐྲུན།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག