མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དངུལ་ཁང་རང་ཁྱིམ་སྒོ་འགྲམ་དུ་བཙུགས་པས་བོད་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-03 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས27ཉིན། བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་ས་དགའ་རྫོང་དར་རྒྱས་གླིང་ཡུལ་ཚོའི་ས་དགའ་སྡེ་བའི་སྡེ་མི་སྐལ་སྒྲོན་གྱིས་རང་ཁྱིམ་སྒོ་འགྲམ་གྱི་འདེམས་ཚོང་ཁང་ནས། ཞིང་ལས་དངུལ་ཁང་དམངས་ཕན་བྱང་བུ་གཅིག་བླངས་ཏེ་སྦྱིན་བདག་ལ་སྤྲད་མ་ཟད། POSསྟེང་དུ་གསེང་གྲངས་མནན། འོན་ཀྱང་ཁོང་གིས་སྦྱིན་བདག་གི་ལག་ནས་བླངས་པ་ནི་རྒྱུན་སྤྱོད་ཚོང་རྫས་མ་ཡིན་པར་སྒོར་མོ1000རེད།

སྐལ་སྒྲོན་གྱིས། སྔོན་མར་ང་ཚོས་སྒོར་མོ་གཏོང་ལེན་བྱེད་སྐབས་སྤྱི་ལེ་སུམ་ཅུའི་ཕ་རོལ་གྱི་རྫོང་མཁན་དུ་འགྲོ་དགོས་པ་རེད། ཕར་འགྲོ་ཚུར་འོང་བྱེད་པར་དུས་ཚོད་འཕྲོ་བརླག་གཏོང་བ་མ་ཟད། རླངས་འཁོར་གྱི་གླ་རིན་ཡང་སྒོར་མོ་མང་པོ་དགོས་པ་རེད། ཞིང་ལས་དངུལ་ཁང་གིས་གྲོང་སྡེའི་ནང་ཞིང་སྐྱོར་དངུལ་འདོན་ཞབས་ཞུ་ས་ཚིགས་བཙུགས་རྗེས། སྒོར་མོ་ཐེངས་གཅིག་ལེན་པར་སྐར་མ་གསུམ་ཙམ་ལས་མི་འགོར་བས། སྔོན་མ་ལས་སྟབས་བདེ་ཆེན་པོ་ཡོད་པ་རེད་ཅེས་བཤད།

བོད་ལྗོངས་ཀྱི་ཡུལ་ཚོ་དང་ཞིང་སྡེ་མང་ཆེ་བ་མཐའ་ཁུལ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ས་གནས་སུ་ཡོད་པས། མཐའ་མཚམས་ས་ཁུལ་འགའ་རེར་དངུལ་ལོ་སྒྲིག་ཆས་ཞན་པ་དང་དངུལ་ལོའི་ཞབས་ཞུ་དཀོན་པ་སོགས་ཀྱི་གནས་ཚུལ་ལྡན། ས་ཁུལ་དེ་དག་གི་ཞིང་འབྲོག་མང་ཚོགས་ཀྱིས་དངུལ་ལོའི་ལས་རིགས་གཉེར་བར་དུས་ཚོད་དང་ནུས་ཤུགས་མང་པོ་འཕྲོ་བརླག་གཏོང་བ་མ་ཟད། ད་དུང་ཅུང་མཐོ་བའི་འགྲིམ་འགྲུལ་གླ་རིན་ཡང་འགྲོ་སོང་གཏོང་དགོས་པ་རེད།

བོད་ལྗོངས་ཞིང་འབྲོག་ས་ཁུལ་ནས་སྒོར་མོ་གསོག་ལེན་བྱ་རྒྱུ་དཀའ་བ་དང་ལམ་ཐག་རིང་བ། སྒོར་མོ་བརྒྱུད་བསྐུར་བྱ་རྒྱུ་སྟབས་མི་བདེ་བ་སོགས་ཀྱི་དཀའ་ཁག་སེལ་ཆེད། 2011 ལོར་ཀྲུང་གོའི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གཞིས་ཀ་རྩེ་དང་ཉིང་ཁྲི། ལྷོ་ཁ་སོགས་སུ་ཚོད་ལྟའི་ས་ཚིགས་བཙུགས་ནས་ཞིང་འབྲོག་མང་ཚོགས་ནོར་སྲིད་གསབ་དངུལ་ཚབ་གཉེར་ལས་དོན་སྒྲུབ་པ་དང་། ཞིང་འབྲོག་མང་ཚོགས་བརྒྱུད་ནས་ཞིང་པར་ཕན་པའི་དངུལ་བྱང་རིན་མེད་དུ་སྤྲད། ཞིང་སྡེ་རུ POSཆས་དང་། རིག་ལྡན་དངུལ་ལེན་ཆས། རང་འགུལ་ཞབས་ཞུ་ཆས་སོགས་བཙུགས་ཏེ། ཁོ་ཚོས་རང་ཁྱིམ་སྒོ་འགྲམ་ནས་སྒོར་མོ་གསོག་ལེན་བྱེད་པར་སྟབས་བདེ་བཟོས།

བསྡོམས་རྩིས་བྱས་པ་ལྟར་ན། 2013ལོའི་ལོ་མཇུག་བར་དུ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་བར་ཕན་པའི་དངུལ་ལེན་ཞབས་ཞུ་ས་ཚིགས ༡༤༠༠ བཙུགས་པ་དང་། སྒོར་མོ་གསོག་ལེན་གྲངས་ཚད1.72ལོན་ཡོད་ལ། གསོག་ལེན་དངུལ་གྲངས་སྒོར་ཁྲི9ཟིན་ཡོད་པ་རེད། རྫོང་མངའ་འོག་གི་ཞིང་འབྲོག་ཁུལ་དུ་གློག་རྡུལ་ཆས1400ལྷག་བཙུགས་ཡོད། ཡུལ་ཚོ་ཁེབས་ཚད་བརྒྱ་ཆའི་དགུ་བཅུ་ཡིན་པ་རེད། གྲོང་སྡེར་ཞབས་ཞུ་བྱེད་པའི་དངུལ་ལོ་རྣམ་པ་ཡིས་དགེ་མཚན་ལ་བརྟེན་ནས། ད་ལྟ་བོད་ལྗོངས་ཀྱི་ཞིང་འབྲོག་མང་པོའི་ལུས་ཐོག་ཏུ་དངུལ་བྱང་འཁྱེར་ཡོད་ལ། རང་ཁྱིམ་སྒོ་འགྲམ་ནས་ཞིང་ལས་དངུལ་བྱང་གིས་སྒོར་མོ་གསོག་འཇོག་དང་བརྒྱུད་བསྐུར། རྒྱུན་མཁོས་དངོས་ཟོག་ཉོ་ཚོང་བཅས་བྱེད་ཐུབ་པ་རེད།

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་གཙོ་འཛིན་ཉི་མ་དབང་ལྡན་གྱིས་ངོ་སྤྲོད་བྱ་རྒྱུར། ཁོ་ཚོས་ད་ལོར་ད་དུང་གསར་དུ་ཞིང་བར་ཕན་པའི་དངུལ་ལེན་ཞབས་ཞུ་ས་ཚིགས་བདུན་རྒྱ་བཙུགས་ཏེ། དངུལ་ལོའི་གློག་རྡུལ་ཆས་ཀྱིས་རང་སྐྱོང་ལྗོངས་ཡོངས་ཀྱི་ཡུལ་ཚོ་ཡོད་ཚད་ཁེབས་ཐུབ་པ་བྱས་ནས། གོམ་གང་མདུན་སྤོས་ཀྱིས་བོད་ལྗོངས་ཀྱི་ཡུལ་ཚོའི་དངུལ་ལོའི་ཞབས་ཞུ་བརྟན་འཇགས་ཅན་དང་ཞབས་ཞུ་ནུས་ཚད་བཅས་ཇེ་དྲག་ཏུ་གཏོང་རྒྱུ་རེད།

ཉི་མ་དབང་ལྡན་གྱིས། 2015ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱིས་སྲིད་འཛིན་གྲོང་སྡེ5200ལྷག་ལ་གློག་རྡུལ་ཆས་ཀྱིས་ཁེབས་ཐུབ་རྩིས་ཡོད་ལ། སྐབས་དེར་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས200ལྷག་གྲོང་སྡེ་ནས་འབུད་མི་དགོས་པར་དངུལ་ལོའི་ཞབས་ཞུ་སྟབས་བདེ་རེག་ཐུབ་པ་རེད།

དངུལ་ལོའི་ཞབས་ཞུ་དྲ་གནས་རྒྱུན་ཆད་མེད་པར་རྒྱུན་སྲངས་བ་དང་བསྟུན་ནས། ཞིང་འབྲོག་མང་ཚོགས་ཀྱི་བུན་ལེན་ཚད་ཀྱང་མགྱོགས་མྱུར་དུ་གོང་འཕར་བྱུང་། གཞི་གྲངས་ལས་མངོན་གསལ་ལྟར་ན། 2013ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་བའི་བུན་གཏོང་ཚད་ཐོག་དང་པོར་སྒོར་དུང་ཕྱུར100ལས་ཐོད་བརྒལ་བྱུང་ཡོད་ལ། སྒོར་དུང་ཕྱུར117.57ཟིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག