མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-03 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཀྱི་ལས་ཞུགས་བོད་སྐྱོར་གཞུང་དོན་ཁང་གིས་དུས་ཚིགས་དང་པོར་བོད་སྐྱོར་ཞིང་ཆེན་དང་བོད་སྐྱོར་ཁེ་ལས་ཀྱི་ལས་ཞུགས་བོད་སྐྱོར་གྱི་ལས་གནས་ལག་བསྟར་བྱ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་པ་རེད། མིག་སྔར་ཤར་རླུང་རླངས་འཁོར་དང་ཀྲུང་ཤིན་ཚོགས་པ། ཀྲུང་གོ་ཧ་ཡང་ལས་རིགས་ཀུང་སི་བཅས་ཀྱིས་སྐྱེས་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་རིམ་སློབ་ཐོན་སློབ་མར་ཁ་ཕྱོགས་ནས་ཁ་ཕྱོགས་གཏན་འཁེལ་གྱི་གདན་ཞུ་སྤེལ་བ་དང་ཁྱོན་ལས་ཞུགས་ལས་གནས137ཙམ་མཁོ་འདོན་བྱས་པ་མ་ཟད། མིག་སྔར་ཐོ་འགོད་དང་ལེན་བྱེད་བཞིན་ཡོད་པ་རེད།

རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར། ཤར་རླུང་རླངས་འཁོར་དང་ཀྲུང་ཤིན་ཚོགས་པ། ཀྲུང་གོ་ཧ་ཡང་ལས་རིགས་ཀུང་སི་གསུམ་གྱིས་ཁྱོན་ལས་ཞུགས་ལས་གནས137མཁོ་འདོན་བྱས་པ་དང་། དེའི་ཁྲོད་ཤར་རླུང་རླངས་འཁོར་གྱིས་ལས་གནས10མཁོ་འདོན་བྱས་པ་དང་ཀྲུང་གོ་ཧ་ཡང་ལས་རིགས་ཀུང་སིས་ལས་གནས75མཁོ་འདོན་བྱས་པ། ཀྲུང་ཤིན་ཚོགས་པས་ལས་གནས52མཁོ་འདོན་བྱས་པ་དང་ལས་ཀ་བྱ་ཡུལ་གྱི་ས་གནས་ཕལ་ཆེ་བ་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་ཡིན་པ་རེད། དེ་བཞིན་ད་དུང་ལས་གནས་འགའ་ཤས་རང་ལྗོངས་སུ་ཡོད་པ་དཔེར་ན། ཀྲུང་གོ་ཧ་ཡང་ལས་རིགས་ཀུང་སིས་མཁོ་འདོན་བྱས་པའི་ལས་གནས་༣དང་ཀྲུང་ཤིན་ནག་ཆུའི་ཨར་ཁང་ཆེན་མོའི་ལས་གནས4ནག་ཆུར་ཡོད་པ་རེད། མིག་སྔར་ཀྲུང་དབྱང་ཁེ་ལས་གསུམ་པོས་སྐྱེས་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མའི་ཐོ་འགོད་དང་ལེན་བྱེད་བཞིན་ཡོད་པ་དང་ཐོ་འགོད་བྱེད་པའི་དུས་ཚོད་ནི་ཟླ་བ5པའི་ཚེས15བར་ཡིན་པ་རེད། ལས་གནས་འདི་དག་ལ་ལས་ཞུགས་བྱེད་འདོད་པའི་སྐྱེས་ཁུངས་བོད་ནས་ཡིན་པའི་སློབ་མས་《བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་ཐོན་སློབ་མས་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ཐོ་འགོད་རེའུ་མིག》ཕབ་ལེན་བྱས་པ་རྒྱུད་འབྲེལ་ཡོད་ཆ་འཕྲིན་ཁ་སྐོང་བྱས་རྗེས་གློག་རྡུལ་ཡིག་སྒམbys0891@163.comལ་བསྐུར་ནས་ཐོ་འགོད་བྱ་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག