མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྨན་གླིང་རྫོང་གིས་དམངས་ཀྱི་དཀའ་གནད་སེལ་ནས་དམངས་སེམས་བདེ་ལ་འཁོད་པར་བྱས།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-05-03 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཁྲོད། ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གིས་མང་ཚོགས་ལ་འབྲེལ་གཏུགས་ཞབས་ཞུ་བྱེད་པའི་ལས་ཀ་ལེགས་པོ་སྒྲུབ་རྒྱུ་དེ་དམ་འཛིན་བྱེད་སར་བརྩིས་ནས། ས་ཆ་དེ་གའི་ཏང་ཡོན་ལས་བྱེད་པ་མང་ཚོགས་ཀྱི་ཁྱིམ་དུ་གཟབ་སྐྱོད་བྱས་ནས་མང་ཚོགས་དང་གཉེན་འབྲེལ་གྲོགས་སྒྲིག་བྱས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་རེ་སྒུག་བྱེད་ས་སོགས་ཤེས་རྟོགས་ཡག་པོ་བྱས་ནས། སློབ་གསོའི་ལག་ལེན་བྱེད་སྒོར་གྲུབ་འབྲས་བཟང་པོ་ཐོབ་པ་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད།

བཀྲ་ཕོ་ནི་སྨན་གླིང་རྫོང་ཆབ་ནག་ཤང་རྒྱལ་སྐོར་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་ཡིན་པ་དང་། ད་བར་གྲོང་ཚོའི་ནང་གི་ཏང་ཡོན་ལས་བྱེད་པས་ནུས་ཤུགས་གང་ཡོད་བཏོན་ནས་ཁོང་ལ་ལྟ་སྐྱོང་བྱེད་ཀྱི་ཡོད་པ་རེད། ད་ལོའི་བོད་ཀྱི་ལོ་གསར་ཤར་གྲབས་ཡོད་སྐབས་གྲོང་ཚོའི་ནང་གི་ཏང་ཡོན་ལས་བྱེད་པས་ཕྱོགས་མང་པོའི་ཐད་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཁོང་ལ་སྒྲོག་རྩེ་དང་ཉལ་ཁྲི་སོགས་ཁྱིམ་ཆས་ཉོ་རོགས་བྱས་པ་དང་། ཏང་ཡོན་ལས་བྱེད་པའི་ཐུགས་ཁུར་འོག་གྲོང་ཚོའི་ནང་གི་བཀྲ་ཕོ་དང་འདྲ་བའི་འགན་ལེན་ལྔའི་དུད་ཚང་དང་དབུལ་ཕོངས་དུད་ཚང་གི་འཚོ་བ་ལེགས་སུ་ཕྱིན་ཡོད་པ་རེད།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོའི་ནང་སྨན་གླིང་རྫོང་གིས། གྲོང་གསེབ་ཏང་ཡོན་དོ་དམ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཐོག འགན་གནས་མེད་པའི་ཏང་ཡོན་ལ་ལས་གནས་བཀོད་སྒྲིག་བྱས་ཏེ་འགན་འཁྲི་གཏན་འཁེལ་བྱེད་པའི་དོ་དམ་བྱ་ཐབས་བཟོས་ནས། ཏང་ཡོན་མི་རེ་ངོ་རེ་གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་གྱི་ལས་དོན་ཁག་ནང་ཧུར་ཐག་ཞུགས་སུ་བཅུག་པ་དང་། སྨན་གླིང་རྫོང་གིས་ཁོངས་གཏོགས་ཀྱི་ཤང་གྲོང་རྡལ་བརྒྱད་ལ་དམངས་བདེའི་ཞབས་ཞུ་ཚོམས་ཆེན་བཙུགས་ནས། མང་ཚོགས་ལ་གནད་དོན་ཡོད་ཚེ་དམངས་བདེ་ཚོམས་ཆེན་དུ་ཐེངས་གཅིག་རང་བཞིན་དུ་ལས་ཕྱོད་མཐོ་བ་དང་མྱུར་ཚད་མགྱོགས་པོའི་ངང་ཐག་གཅོད་བྱེད་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག