མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར3.57དངོས་འབེབས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་བདུན་དངོས་འབེབས་བྱས།

ད་ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་དང་མཉམ་དུ། ཁུལ་གསུམ་འཛུགས་སྐྲུན་བྱེད་པ་དང་ཀྲུང་དབྱང་གི་དངུལ་གཏོང་བཀོད་སྒྲིག་ལ་དམ་དུ་དམིགས་ཏེ། སྔ་མོ་ནས་ཇུས་འགོད་དང་བཀོད་སྒྲིག ལག་བསྟར་བཅས་བྱས་ཏེ་དམངས་འཚོ་འགན་སྲུང་ལེགས་བཅོས་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཐོན་ལས་ལེགས་སྒྱུར་རིམ་པོར། སྤྱི་ཚོགས་ལས་དོན་གོང་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཕྱོགས་ཀྱི་ལས་གཞི་སྐོར་ཞིག་བདམས་གསེས་དང་ཡར་ཞུ་བྱས། དེ་དང་མཉམ་དུ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ལས་བགོས་འགན་ཁུར་ཀྲུའུ་རིན་སོ་སོས་སྣེ་ཁྲིད་དེ་ཐེངས་མང་བོར་པེ་ཅིན་ལ་སོང་ནས་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་ལ་ཡར་ཞུ་དང་འབྲེལ་གཏུག་བྱས་ནས། སྟོབས་ཤུགས་ཡོད་རྒུས་མ་དངུལ་བརྩོན་ལེན་དངོས་འབེབ་བྱ་བ་བཟང་བོར་བསྒྲུབས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དེ་ཟླ་གསུམ་པའི་ཟླ་མཇུག་བར། རྒྱལ་ཁབ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་བདུན་བརྩོན་ལེན་བྱས། དེའི་ནང་དུ་ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་གསུམ་དང་། རྒུད་གསབ་ལས་སྤྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག སྦྲག་སྲིད་རྨང་གཞིའི་སྒྲིག་ཆས་ཀྱི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་བཅས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག