མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་མ་དངུལ་ཞིབ་མཆན་དབང་ཆ་མར་སྤྲོད་པའི་དབུལ་སྐྱོར་བྱ་བའི་སྒྲིག་སྲོལ་བཙུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་རིམ་བཞིན་ལས་དོན་དང་འགན་དབང་གསལ་བོ་ཡིན་པ་དང་། འགན་དབང་དང་ལས་འགན་འོས་མཐུན་ཡིན་པའི་དབུལ་སྐྱོར་བྱ་བའི་སྒྲིག་ལུགས་བཙུགས་ཏེ། དབུལ་སྐྱོར་བྱ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་བཏང་། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་མ་དངུལ་རྫོང་ལ་སྟེར་བ་དང་དབུལ་སྐྱོར་ལས་གཞིའི་ཞིབ་མཆན་དབང་ཆ་རྫོང་ལ་སྤྲོད་པ། དབུལ་སེལ་ལས་འགན་རྫོང་ལ་དངོས་འབེབ་བྱེད་པ་བཅས་ཀྱི་བྱ་བའི་སྒྲིག་སྲོལ་བཙུགས། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ནོར་སྲིད་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་ལྷག་བཏང་ནས་སྡེ་བའི་དབུལ་སྐྱོར་དང་སྦྲང་ཆར་འཆར་གཞི། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས། དམིགས་བསལ་དབུལ་སྐྱོར་སོགས་དབུལ་སྐྱོར་གསར་སྤེལ་གྱི་ལས་གཞི་གཙོ་བོ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས།

མ་དངུལ་ཚད་ལྡན་ཡིན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་བཀོལ་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་རྫོང་སོ་སོས་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་ལས་གཞིའི་ཞིབ་མཆན་དབང་ཆ་མར་སྤྲོད་པའི་དོ་དམ་བྱེད་ཐབས་ཀྱི་གཏན་ཁེལ་ལྟར། ལས་གཞི་གདམ་གསེས་དང་ཞིབ་མཆན། ཁྱབ་སྒྲིག་དང་ལག་བསྟར་བཅས་ལ་རྩ་འཛུགས་ནན་མོ་བྱེད་དགོས་པ་མ་ཟད། ཞིང་ཆེན་གྱིས་གཏན་ལ་ཕབ་པའི་ལས་འགན་ལྟར་ལས་གཞི་བཀོད་སྒྲིག་ཞིབ་མོ་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག