མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ཞབས་ཞུའི་ལྟ་སྐུལ་དོ་དམ་དང་ཡུལ་སྐོར་བདེ་འཇགས་བྱ་བའི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ཡིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཞབས་ཞུའི་ལྟ་སྐུལ་དོ་དམ་དང་ཡུལ་སྐོར་བདེ་འཇགས་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན། ཞིང་ཆེན་བདེ་འཇགས་ལྟ་ཞིབ་ཅུའུ། ཞིང་ཆེན་མེ་གསོད་སྤྱིའི་རུ་ཁག་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་ཡུལ་སྐོར་རྫོང་གཙོ་བོ་ཁ་ཤས་ཀྱི་ཡུལ་སྐོར་ཅུའུ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ་ཡི་རྒྱུ་སྤུས་ལྟ་སྐུལ་ཁྲིམས་འཛིན་བྱ་བའི་འགན་ཁུར་མི་སྣ། ཡུལ་སྐོར་ལས་དོན་ཁང་དང་སྐར་མ་རིམ་པའི་ཟ་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ཁ་ཤས་ཀྱི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་གྲོས་ཚོགས་སྟེང་ལྔ་གཅིག་དུས་ཆེན་སྐབས་ཀྱི་ཡུལ་སྐོར་ཚོང་རའི་ལྟ་སྐུལ་དོ་དམ་ཞབས་ཞུ་བྱ་བའི་ཐད་ནས་བཀོད་སྒྲིག་བྱས་པའི་ཞོར་དུ། ཞིང་ཆེན་ཡོངས་ཀྱི2014ལོའི་ཡུལ་སྐོར་ལྟ་སྐུལ་དོ་དམ་ཞབས་ཞུ་ཐད་ཀྱི་དོན་བྱ་གཙོ་བོ་གཏན་ཁེལ་གསལ་བོ་བྱས།

ཚོགས་ཐོག་ནས། ཞིང་ཆེན་ཡུལ་སྐོར་ཅུའུ་དང་ཁུལ་དང་གྲོང་ཁྱེར་སོ་སོའི་ཡུལ་སྐོར་ཅུའུ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ་བཅས་ཀྱིས་ཞབས་ཞུའི་ལྟ་སྐུལ་དོ་དམ་དང་ཡུལ་སྐོར་བདེ་འཇགས་ཐད་ཀྱི་དམིགས་འབེན་ལས་འགན་ཡི་གེ་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག