མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚན་རྩལ་ཁྱབ་གདལ་མཉམ་འབྲེལ་གྲོས་ཚོགས་ཀྱིས2014ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱི་སྤྱིའི་འཆར་གཞིར་ཞིབ་འཇུག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:08

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་ཚན་རྩལ་ཁྱབ་གདལ་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། 2013ལོའི་ཚན་རྩལ་ཁྱབ་གདལ་བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། 2014ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱི་སྤྱིའི་འཆར་གཞིར་ཞིབ་འཇུག་དང་གྲོས་བསྡུར་བྱས།

ཚོགས་ཐོག་ནས་བསྟན་དོན། 2013ལོར། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁྱབ་གདལ་བྱ་བས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་དེའི་ཁྲོད་ཞུགས་པ། ཕྱོགས་མང་པོའི་ཐད་ནས་མ་དངུལ་གཏོང་བ། གྲུབ་འབྲས་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་པ་དང་། ཚན་རྩལ་ཁྱབ་གདལ་བྱ་བར་གཙིགས་འཛིན་བྱས་ནས། ཚན་རྩལ་ཁྱབ་གདལ་བྱ་འགུལ་ཧུར་ཐག་སྒོས་སྤེལ་བ་དང་། ཚན་རྩལ་ཁྱབ་གདལ་བྱ་བའི་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ལ། ཚན་རྩལ་ཁྱབ་གདལ་ཐོན་ཁུངས་ཕུན་སུམ་ཚོགས་པར་བཏང་ནས། སྤྱི་དམངས་ཀྱི་ཚན་རིག་གི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་བས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཚན་རྩལ་གསར་སྐྲུན་ཐད་ལ་རྒྱབ་རྟེན་གལ་ཆེན་འདོན་སྤྲོད་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག