མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚྭ་འདམ་གཞོང་ཚྭ་ཁ་རྫས་འགྱུར་བཟོ་ལས་ཚན་རིག་ཞིབ་འཇུག་ཐེབས་རྩ་ཚོགས་པས་ཆེད་མཁས་པའི་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚྭ་འདམ་གཞོང་ཚྭ་ཁ་རྫས་འགྱུར་བཟོ་ལས་ཚན་རིག་ཞིབ་འཇུག་ཐེབས་རྩ་ཚོགས་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཆེད་མཁས་པའི་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཉམ་འབྲེལ་ཐེབས་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་སོགས་ཀྱི་མཉམ་འབྲེལ་ཐེབས་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་། ཀྲུང་དབྱང་ཚན་རིག་གླིང་གི་ཡོན་ཧྲི། ཞིབ་འཇུག་པ་ཀྲང་ཧོང་ཅེ་དང་ཀྲིན་ཅིན་ཕེན་སོགས་མཉམ་འབྲེལ་ཐེབས་རྩའི་ཆེད་མཁས་པའི་རིག་གཞུང་མཛུབ་སྟོན་ཚན་ཆུང་གི་ཁོངས་མི། ཆེད་ཞུ་ཆེད་མཁས་པ་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་མཉམ་འབྲེལ་ཐེབས་རྩས་ཞིབ་འཇུག་བྱེད་བཞིན་པའི་ཚན་རིག་གནད་དོན་གཙོ་བོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་དང་། 2014ལོའི་མཉམ་འབྲེལ་ཐེབས་རྩའི་ལས་གཞིའི་ཕྱོགས་སྟོན་དང་ལོ་ཧྲིལ་བོའི་རོགས་སྐྱོར་འཆར་གཞི་ལ་གྲོས་བསྡུར་དང་སྒྲིག་བཟོ། 2014ལོའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བཅས་བྱས། ཚོགས་ཐོག་ནས། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་སོ་སོས་ཧ་ཅང་མཐོང་ཆེན་བྱས་ཏེ་རྒྱ་ཆེའི་ཚན་རྩལ་མི་སྣས་ཧུར་ཐག་གིས་མཉམ་འབྲེལ་ཐེབས་རྩའི་ལས་གཞིར་ཡིག་ཐོག་སྙན་ཞུ་བྱེད་པར་སྐུལ་སློང་དང་། ཁེ་ལས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། མཐོ་རིམ་སློབ་གླིང་བར་གྱི་མཉམ་འབྲེལ་འགག་གཏོར་ལ་རྒྱབ་སྐྱོར་བྱས་ནས། ཐོན་ལས་དང་སློབ་སྦྱོང་། ཚན་རིག་ཞིབ་འཇུག་བཅས་ཀྱི་ཟུང་འབྲེལ་ལ་སྐུལ་འདེད་བྱེད་དགོས་པ་དང་། མཉམ་འབྲེལ་ཐེབས་རྩར་བརྟེན་ནས། རིག་སྟོབས་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། རྒྱལ་ནང་གི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་དང་ཞིང་ཆེན་ནང་ཁུལ་གྱི་ཤེས་ལྡན་མི་སྣའི་མཉམ་འབྲེལ་སྙན་ཞུ་ལས་གཞི་ནང་འགུག་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་ཞིབ་འཇུག་ནུས་པ་མཐོར་འདེགས་བྱེད་པར་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག