མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཡུས་ལེན་དང་ཝང་ཞའོ། སུའུ་ཉིན་གསུམ་སོ་སོར་གཞི་རིམ་དུ་སོང་ནས་ངལ་རྩོལ་དཔེ་ལེགས་ཅན་ལ་བྱ་དགའ་བྱིན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 20:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གསུམ་སོ་སོར་མཚོ་སྔོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པའི་ཀྲུང་གོ་བཟོ་ཚོང་དངུལ་ཁང་ཟི་ལིང་མཁར་ནུབ་ཡན་ལག་དངུལ་ཁང་དང་མཚོ་སྔོན་ལེན་ཐུང་ཀུང་ཟི། མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་ཁུངས་རྩད་ཞིབ་གླིང་བཅས་སུ་སོང་ནས་ལས་བཟོ་བར་འཚམས་འདྲི་དང་བྱ་དགའི་རྟགས་མ་བྱིན་པ་དང་། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་ལིས་ཧྲིན་ལེན་དང་ལིས་ཀོ་ཆིན། ཧྲིན་ཡོ་ཀོ ཝུན་ཀང་། ལིས་ཡུས་ཧའེ། ཝང་ཐའོ། ཝང་ཧྥུ་ཏི་བཅས་ཀྱི་ཁྱིམ་དུ་སོང་ནས་བྱ་དགའི་མེ་ཏོག་དང་འཚམས་འདྲིའི་སྒོར་མོ་བྱིན་པ་མ་ཟད་ཁོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས།

ལའོ་ཡུས་ལིན་དང་ཝང་ཞའོ། སུའུ་ཉིན་གསུམ་གྱིས་སོ་སོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ཏེ་མཚན་སྙན་ཐོབ་མཁན་གྱི་སྔོན་ཐོན་ཐུན་མོང་ལ་རྟེན་འབྲེལ་ཞུས་པ་དང་། ལས་གནས་སུ་ལས་ལ་བརྩོན་བཞིན་པའི་ངལ་རྩོལ་པ་རྣམས་ལ་བླ་མེད་ཀྱི་གུས་འདུད་དང་ལྷག་སེམས་རྣམ་དག་གི་སྨོན་འདུན་ཞུས། ཁོ་ཚོས་ངལ་རྩོལ་དཔེ་ལེགས་ཅན་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། མུ་མཐུད་དུ་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་། མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་བབ་བསྟུན་མདུན་བསྐྱོད་དང་སྒེར་མེད་གཏོང་ཕོད། འགན་ལྕི་མོ་ཕྲག་ཏུ་ལེན་པ་བཅས་ཀྱི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དམིགས་འབེན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་བསྐྲུན་དགོས་བའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག