མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་སྐུལ་སྤེལ་ཚོགས་འདུ་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི«གནས་བབ་གསར་བའི་འོག་སློབ་གྲྭ་ཆུང་འབྲིང་གི་ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དང་། «སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་རྒྱ་བསྐྱེད་པའི་སྐོར་གྱི་བསམ་འཆར»གཉིས་ལག་ལེན་མཐའ་འཁྱོལ་བྱེད་པའི་སྐུལ་སྤེལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་གལ་ཆེན་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཅི་ཏིས་མཱ་ཅ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མཱ་ཧྲོན་ཆིན་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡིག་ཆ་གཉིས་བཏོན་རྗེས། ས་གནས་ལས་ཁུངས་ཚང་མས་གཙིགས་ཆེན་བླ་མེད་བྱས་ལ། གཙོ་གནད་འབུར་ཐོན་དང་དཀའ་གནད་འཕྲལ་སེལ།དམིགས་འབེན་མངོན་འགྱུར་བཅས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། རྗེས་ཕྱོགས་དམིགས་འབེན་དང་གཙོ་གནད་དམ་འཛིན་སྒོས། ཏང་གིས་སློབ་གྲྭའི་བྱ་བར་སྣེ་ཁྲིད་པ་དང་ཀུན་སྤྱོད་སློབ་གསོ་བྱ་བར་ཤུགས་སྣོན་པ། ཕྱོགས་བསྡུས་བཅོས་སྒྱུར་ངང་སློབ་གསོ་སྤེལ་བ་དང་དགེ་རྒན་གྱི་དཔུང་སྡེ་སྔར་ལས་རྒྱ་བསྐྱེད་པ། དགེ་རྒན་གྱི་ལྟ་སྐྱོང་སོགས་ལེགས་པོར་བསྒྲུབ་དགོས་ཟེར།

ཅི་ཏིས་མཱ་ཅ་ཡིས་ནན་གྱིས་བསྟན་དོན། གཙོ་གནད་འབུར་ཐོན་དང་གནད་འགག་ཁོང་དུ་ཆུད་པར་བྱས་ནས། རིམ་པ་སོ་སོའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་གཞི་རིམ་ཏང་རྩ་འཛུགས། སློབ་གྲྭའི་མགོ་ཁྲིད་ཚན་ཁག་བཅས་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཀུན་སྤྱོད་སློབ་གསོའི་སྣེ་སྟོན་ནུས་པ་སྔར་ལས་གཏིང་ཟབ་ཏུ་འདོན་པ་དང་། སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་སྔར་ལས་ཇེ་དམ་དུ་སྤེལ་བ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་གྱི་བྱ་བ་བཅས་ནན་ཏན་སྒོས་སྤེལ་བ་བརྒྱུད། དགེ་རྒན་གྱི་སློབ་གསོ་ཇེ་ལེགས་སུ་བཏང་ནས། དགེ་རྒན་དཔུང་སྡེ་ཡི་སྤྱིའི་ཡོན་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

མཱ་ཧྲོན་ཆིན་གྱིས་ནན་གྱིས་བསྟན་དོན། ཟབ་སྦྱོང་ལ་ཤུགས་སྣོན་དང་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་དཔུང་སྡེ་རྒྱ་བསྐྱེད་པ་བཅས་བྱེད་དགོས་ན། ངེས་པར་དུ་བྱང་ཚད་མཐོན་པོ་ཡིན་པའི་སློབ་གཙོའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག