མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཉེ་དུས་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བའི་སྙན་ཞུ་དང་དབྱེ་ཞིབ་གྲོས་ཚོགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་ཏེ་ཉེ་དུས་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བའི་སྙན་ཞུ་དང་དབྱེ་ཞིབ་གྲོས་ཚོགས་བསྡུས་ནས། ཉེ་དུས་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་རྗེས། ཉེ་དུས་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བ་དང་ལྷག་པར་དུ་ལྔ་གཅིག་དུས་ཆེན་སྐབས་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་སྤེལ་ནས། མུ་མཐུད་དུ་གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་རྒྱལ་ཁ་རྒྱ་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་བོའི་རྒྱུན་མཐུད་གཏན་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཀོང་རོང་གིས་གཅིག་ནས་ནམ་ཡིན་ཡང་རིགས་ལམ་གསལ་བར་བྱེད་དགོས་ཏེ། ཉེ་བའི་ལོ་འགའི་རིང་དང་ལྷག་པར་དུ་ན་ནིང་གི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ་སྤྱི་བསྡོམས་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་བསམ་བློའི་སློབ་གསོ་དང་གླེང་ཕྱོགས་ཀྱི་མཛུབ་ཁྲིད། ཆ་འཕྲིན་སྔོན་བརྡ། འཕྲལ་བསྟུན་ཐག་གཅོད། རྡུང་རྡེག་དང་རྩད་གཅོད་སོགས་གནད་འགག་དུས་རིམ་གྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། གཏན་འཇགས་སྲུང་སྐྱོབ་བྱ་བའི་རང་འགུལ་དབང་ཆ་དམ་འཛིན་དང་གཏན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས། གཉིས་ནས་རྩོད་གཞི་འདུམ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཏེ། རྒྱུན་ལྡན་ཅན་གྱི་བྱ་བའི་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཏན་འཇགས་སྲུང་སྐྱོབ་དང་ཁེ་དབང་སྲུང་སྐྱོབ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྤྱི་ཚོགས་འགལ་ཟླར་ཞིབ་བཤེར་དང་ཐག་གཅོད་བྱེད་པའི་བྱ་བའི་ནུས་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། ཚད་ཆེས་མཐོན་པོའི་སྒོ་ནས་འགལ་ཟླ་དང་གནད་དོན་ས་གནས་དེ་ནས་ཐག་གཅོད་བྱེད་པ་དང་ས་གནས་དེ་རུ་ཚོད་འཛིན་བྱེད་པར་ཁག་ཐེག་བྱེད་དགོས། གསུམ་ནས་གཏན་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་དངོས་འབེབས་བྱེད་དགོས་ཏེ། བྱ་བ་ལག་བསྟར་མ་བྱས་པ་དང་དུས་ལྟར་ཐག་གཅོད་མ་བྱས་པ། ཐག་གཅོད་འོས་འཚམ་མ་བྱས་པའི་དབང་གིས་སྤྱི་ཚོགས་གཏན་འཇགས་ལ་གནོད་པ་བྱེད་པའི་དོན་རྐྱེན་ཆེན་པོ་འབྱུང་བར་གཏན་ནས་བཀག་འགོག་བྱེད་དགོས། བཞི་ནས་མུ་མཐུད་དུ་ཡུན་ཕན་གྱི་སྒྲིག་སྲོལ་འཚོལ་ཞིབ་དང་ཡུན་ཕན་གྱི་སྒྲིག་སྲོལ་འཛུགས་དགོས་ཏེ། གཏན་འཇགས་སྲུང་སྐྱོབ་བྱ་བའི་རྒྱུན་ལྡན་ཅན་དང་ཡུན་ཕན་རང་བཞིན་མངོན་འགྱུར་བྱེད་པར་སྐུལ་འདེད་བྱས་ནས། ཁྲིམས་ལྟར་གཏན་འཇགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གཏན་འཇགས་སྲུང་སྐྱོབ་བྱ་བའི་ནུས་པ་མཐོར་འདེགས་བྱེད་དགོས། ལྔ་ནས་བདེ་འཇགས་མཚོ་སྔོན་གྱི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས་ཏེ། བདེ་འཇགས་འཛུགས་སྐྲུན་དེ་སྤྱི་ཚོགས་ཀྱི་ངོས་སོ་སོར་རྒྱུན་བསྲིངས་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དུ། ཞིང་ཆེན་གསུམ་གྱི་ས་མཚམས་ནས་བདེ་འཇགས་བཟོ་སྐྲུན་ཐད་ཀྱི་རྟོག་ཞིབ་དང་ལག་བསྟར་བྱ་བ་དམ་འཛིན་སྒོས་སྤེལ་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག