མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧོ་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་མགོ་བརྩམས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གྱི་དུས་ཚོད་བཅོ་ལྔ་ཡས་མས་སུ། ས་འདེད་འཕྲུལ་ཆས་ཀྱིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་མཐོ་སྒང་ས་ཁུལ་ནས་ས་དེད་པ་དང་བསྟུན་ནས། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཅུའུ་ཉི་ཤུ་བའི་ཀུང་ཟི་གཉིས་པ་འཛུགས་སྐྲུན་ཁྲོད་ཞུགས་པའི་གུང་ཧོ་དང་ཡུལ་ཤུལ་བར་གྱི་གཞུང་ལམ་གྱི་རྒྱལ་ལམ་རྒྱ་བསྐྱེད་པའི་བཟོ་སྐྲུན་སྐབས་གཉིས་པ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། དེ་ནི་མདོ་དབུས་མཐོ་སྒང་གི་ས་འཁྱག་སའི་མྱུར་བགྲོད་གཞུང་ལམ་ཐོག་མ་རེད།

རྒྱུུས་ལོན་བྱུང་བ་ལྟར་ན། གུང་ཧོ་ནས་ཡུལ་ཤུལ་བར་གྱི་གཞུང་ལམ་ནི་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་རེད། ལས་གཞི་དེའི་བཟོ་སྐྲུན་སྐབས་དང་པོ་ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་དང་། བཟོ་སྐྲུན་སྐབས་གཉིས་པ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ལེགས་འགྲུབ་འབྱུང་རྒྱུུ་རེད། མྱུར་བགྲོད་གཞུང་ལམ་དེ་ལམ་གཉིས་སུ་ཕྱེས་ཡོད་པ་དང་ལམ་རེ་རེའི་སྟེང་དུ་རླངས་འཁོར་བཞི་གཤིབ་ནས་བགྲོད་ཆོག མྱུར་བགྲོད་གཞུང་ལམ་སྟེང་གི་སྤྱིའི་མགྱོགས་ཚད་སྤྱི་ལེ་བརྒྱད་ཅུ་རུ་གཏན་ཁེལ་བྱེད་རྒྱུ་རེད། གཞུང་ལམ་དེའི་མགོ་ནི་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ཡིན་པ་དང་མཇུག་ནི་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག