མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དུ་མིའི་ཐབས་ཀྱིས་ཆར་ཕབ་ནས་ཐན་སྐྱོན་སེལ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། 2014ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་ཞིང་ལས་ས་ཁུལ་དུ་མིའི་ཐབས་ཀྱིས་ཆར་ཕབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཐེངས་དགུར་གནམ་གྲུ་ལ་བརྟེན་ནས་མིའི་ཐབས་ཀྱིས་ཆར་ཕབ་པ་དང་། ཐེངས་ཉིས་བརྒྱ་དང་ང་ལྔར་ས་སྟེང་ནས་ཆར་ཕབ་པའི་བྱ་བ་སྤེལ་ནས། ཕན་པ་ཡོད་པའི་སྒོ་ནས་ཤར་རྒྱུད་ཞིང་ལས་ས་ཁུལ་གྱི་ཐན་སྐྱོན་སེལ།

མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་ས་ཁུལ་དུ་དཔྱིད་ཀའི་དུས་སུ་ཆར་འབབ་ཚད་ཉུང་བའི་ཐོག 2013ལོའི་སྟོན་དུས་ཀྱི་ཆར་འབབ་ཚད་ཀྱང་ཉུང་བའི་རྐྱེན་གྱིས། ས་ཞིང་གི་སེར་ལངས་ཚུལ་ཅུང་ཞན་པས། མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་ཡིས་སྔ་མོ་ནས་རྩ་འཛུགས་དང་སེམས་ཞིབ་མོས་གྲ་སྒྲིག་བྱས་པ་དང་། ས་ཆ་སོ་སོའི་དགོས་མཁོ་ལྟར་དུ། ད་ལོའི་ཟླ་དང་པོ་ནས་བཟུང་། ཟི་ལིང་དང་མཚོ་བྱང་སོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའི་སྒྲོམ་སྟེགས་བརྒྱ་དང་ལྔ་དང་ས་སྟེང་གི་མེ་ཐབ་བཅུ་གསུམ་བཙུགས་ནས། གནམ་གཤིས་བཟང་བའི་སྐབས་སུ་དུས་ལྟར་ས་སྟེང་ནས་ཆར་ཕབ་པ་དང་། ཟླ་གསུམ་པའི་ཟླ་མཇུག་ཏུ། མིའི་ཐབས་ཀྱིས་ཆར་ཕབ་པའི་གནམ་གྲུ་ལན་ཀྲིག་ཀྲུང་ཁྲོན་གནམ་གྲུ་ཐང་དུ་འབྱོར་ནས། གཙོ་བོར་ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ལྷོ། རྨ་ལྷོ་སོགས་ས་ཁུལ་ནས་གནམ་གྲུ་ལ་བརྟེན་ནས་ཆར་ཕབ་པའི་བྱ་བ་སྤེལ་ཏེ་གྲུབ་འབྲས་མངོན་གསལ་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག