མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝུའུ་ལན་རྫོང་གིས་ཤུགས་ཆེན་པོས་ཏུང་ཏ་ཐན་ཉི་འོད་ནུས་པའི་གློག་འདོན་ས་ཁུལ་དང་ཚྭ་ཁ་རླུང་ཤུགས་གློག་འདོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་བར་ཡར་སྐུལ་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གིས་ཤུགས་ཆེན་པོས་ཏུང་ཏ་ཐན་ཉི་འོད་ནུས་པའི་གློག་འདོན་ས་ཁུལ་དང་ཚྭ་ཁ་རླུང་ཤུགས་གློག་འདོན་ས་ཁུལ་གསར་སྐྲུན་བྱེད་ཆེད་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཡར་སྐུལ་བྱས།

ཉེ་བའི་ལོ་འགའི་རིང་ལ་བུའུ་ལན་རྫོང་གིས་ཉི་འོད་ནུས་པ་དང་རླུང་ཤུགས་ནུས་ཁུངས་ཕུམ་སུམ་ཚོགས་པའི་ཁྱད་སྟོབས་བཟང་བོར་རྐང་བཙུགས་པ་དང་། ཤུགས་ཆེན་པོས་ཉི་འོད་ནུས་པ་དང་རླུང་ཤུགས་ནུས་པ་གཙོ་ཡིན་པའི་ནུས་ཁུངས་གསར་བའི་ལས་གཞི་འཛུགས་སྐྲུན་བྱ་བ་ཡར་སྐུལ་བྱས་ནས། བུའུ་ལན་རྫོང་ཏུང་ཏ་ཐན་ཉི་འོད་ནུས་པའི་གློག་འདོན་ས་ཁུལ་འཛུགས་པའི་འཆར་གཞི་ཡོངས་འགྲུབ་བྱས་ཤིང་། སྤྱི་ལེ་གྲུ་བཞི་མ་ཉེར་བརྒྱད་དང་གྲངས་ཆུང་བརྒྱད་འཛུགས་སྐྲུན་བྱས་ནས། སྤྱིའི་འོད་ནུས་ཤོང་ཚད་ཀྲའོ་ཝ་སྟོང་གཅིག་ལྷག་ཏུ་བསླེབས། ད་ལྟའི་བར་དུ་རྫོང་ཡོངས་སུ་དྲ་འབྲེལ་གློག་འདོན་ཉི་འོད་ལས་གཞི་བཅུ་མངོན་འགྱུར་བྱས་པ་དང་། སྤྱིའི་ཤོང་ཚད་ཉིས་བརྒྱ་དང་ཉི་ཤུར་བསླེབས་པ་དང་། སྤྱིའི་མ་དངུལ་སྒོར་མོ་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་བཞི་བཏང་ཞིང་། གློག་འདོན་ཚད་སྟོང་ཝ་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་དྲུག་ཏུ་བསླེབས་ཡོད། ད་ལོར་ཚྭ་ཁ་རླུང་ཤུགས་གློག་འདོན་ས་ཁུལ་འཛུགས་པའི་བྱ་བར་མྱུར་དུ་ཡར་སྐུལ་གཏོང་རྒྱུ་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་ཝུའུ་ལན་རྫོང་ཚྭ་ཁ་རླུང་ཤུགས་གློག་འདོན་ས་ཁུལ་འཛུགས་པའི་འཆར་གཞི་སྤེལ་བཞིན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་བའི་འཆར་གཞིའི་ཁྲོད་དུ་བཞག་ནས། སྤྱིའི་འོད་ནུས་ཤོང་ཚད་ཀྲོ་ཝ་ལྔ་བརྒྱར་བསླེབ་པར་བརྩོན་ལེན་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག