མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ལས་མགོ་བརྩམས།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་འགྲུལ་སྐྱེལ་དང་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་འཛུགས་སྐྲུན་བྱེད་པའི་ལས་གཞིའི་བཀོད་སྒྲིག་ལ་ཡར་སྐུལ་བྱ་ཆེད། ས་གནས་སོ་སོའི་འགྲུལ་སྐྱེལ་དང་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་བྲེལ་མྱུང་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་གྱི་འགྲུལ་སྐྱེལ་ས་ཚིགས་ཉེ་ལམ་ལས་མགོ་བརྩམས་ཟིན་ལ། འཆར་གཞི་ལྟར་ན་ད་ལོའི་ཟླ་བཅུ་བའི་ཟླ་སྨད་ལ་ལེགས་འགྲུབ྄་བྱུང་ནས་བཀོལ་སྤྱོད་བྱེད་རྒྱུ་རེད། འགྲུལ་སྐྱེལ་ས་ཚིགས་འདི་འཛུགས་སྐྲུན་བྱས་པ་བརྒྱུད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་འགྲོ་ཐུབ་པ་དང་། འགྲུལ་སྐྱེལ་ནུས་པ་དང་འགྲུལ་སྐྱེལ་ནུས་པར་ཤུགས་སྣོན་བྱེད་ཐུབ།

མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་རླངས་འཁོར་སྐྱེལ་འདྲེན་ས་ཚིགས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བཞི་ཡོད་ལ། བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་གཉིས་དང་བརྒྱ་ཡོད། འགྲུལ་སྐྱེལ་ས་ཚིགས་འདི་ནི་འགྲིམ་འགྲུལ་པུའུ་ཡི་རིམ་པ་གཉིས་པའི་འགྲིམ་འགྲུལ་འགྲུལ་སྐྱེལ་ས་ཚིགས་ཀྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ལས་གཞིར་སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་གཏོང་རྒྱུ་རེད། ལས་གཞི་མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།

ཤེས་གསལ་ལྟར་ན། མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་འཛུགས་སྐྲུན་བྱེད་པ་ལས་གཞན། རྫོང་སོ་སོའི་འགྲུལ་སྐྱེལ་ས་ཚིགས་ཀྱང་འཛུགས་སྐྲུན་བྱེད་རྒྱུ་རེད། མིན་ཡོན་རྫོང་འགྲུལ་སྐྱེལ་ས་ཚིགས་གསར་བ་འཛུགས་སྐྲུན་བྱེད་རྒྱུ་དང་། ཆི་ལེན་རྫོང་འགྲུལ་སྐྱེལ་ས་ཚིགས་རྒྱ་བསྐྱེད་ནས་འཛུགས་སྐྲུན་བྱེད་རྒྱུ་རེད། གྲོང་གསེབ་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་ས་ཚིགས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། མིག་སྔར་མཚོ་བྱང་ཁུལ་ལ་ཞང་དང་གྲོང་རྡལ་སུམ་ཅུ་ཡོད་ལ། ཞང་དང་གྲོང་རྡལ་ཉེར་གཅིག་གི་འགྲུལ་སྐྱེལ་ས་ཚིགས་ལེགས་འགྲུབ་བྱུང་ཡོད། སང་ལོའི་སྔོན་ལ་འཆར་གཞི་ལྟར་ན་ཞང་དང་གྲོང་རྡལ་བཞིའི་འགྲུལ་སྐྱེལ་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ཞང་དང་གྲོང་རྡལ་ལ་འགྲུལ་སྐྱེལ་ས་ཚིགས་ཁེབས་ཚད་བརྒྱ་ཆའི་གྱ་གསུམ་ལྷག་ལ་བསླེབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག