མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་སྐབས་གཉིས་པའི་བཟོ་འགོད་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-30 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཚོགས་འདུ་བསྡུས་པའི་སྐབས་སུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་སྐབས་གཉིས་པའི་བཟོ་འགོད་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། ཧྲིན་ཀྲང་ཧའོ་ཕིན་གྱི་གསུང་བཤད་གལ་ཆེན་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པར་བཀོད་སྒྲིག་བྱས་ཤིང་། ཚོད་ལྟ་ཁུལ་དང་སྐབས་གཉིས་པའི་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཧྲིན་ཀྲང་གཞོན་པ་མ་ཧྲིན་ཆིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་གཏམ་བཤད།

ཚོགས་འདུས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཧྲིན་ཀྲང་ཧའོ་ཕིན་གྱི་གསུང་བཤད་དགོངས་དོན་ལ་གཞིགས་ཏེ། དངོས་གནས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་སྟེང་གཅིག་གྱུར་བྱས་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་དངོས་འབེབས་མཐར་ཕྱིན་བྱེད་པ་གཙིགས་སུ་བཟུང་བ་དང་། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ཐད་སྔར་ལས་ཆེ་བའི་གྲུབ་འབྲས་ལེན་དགོས་པ་ནན་གྱིས་བསྟན།

ཚོགས་འདུས་ནན་གྱིས་བསྟན་དོན། སྔར་ཡོད་ཀྱི་བྱ་བའི་རྨང་གཞི་དང་འཚོབ་བཤེར་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཇུས་འགོད་དང་གཙོ་གནད་འབུར་ཏུ་བཏོད་དེ། བཅོས་བསྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་སྐྱེ་ཁམས་ཁ་གསབ་དང་རང་བྱུང་ཐོན་ཁུངས་བདག་དབང་། ཐོན་ཁུངས་རིན་དོད་ལྡན་པའི་སྒོ་ནས་བེད་སྤྱོད་པ། སྐྱེ་ཁམས་ཞིབ་བཤེར་དཔྱད་འཇོག་སོགས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ད་ལོའི་གཙོ་གནད་བཅོ་བསྒྱུར་ལས་འགན་ལ་སྐུལ་འདེད་གཏོང་བར་གཙིགས་འཛིན་བྱས་ཏེ་ཧུར་བརྩོན་གྱིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ཐད་ནས་མགྱོགས་མྱུར་ངང་ནས་མདུན་སྐྱོད་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་དོན་དངོས་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་སྐབས་གཉིས་པའི་བཟོ་འགོད་དངོས་འབེབས་ལ་གཙིགས་འཛིན་དང་། སྐྱེ་ཁམས་བྱེད་ནུས་ལེགས་བཅོས་བྱེད་པ་ལྟེ་བར་བཟུང་བ་དང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས། ལམ་ལུགས་སྒྲིག་གཞི་གསར་སྐྲུན་བྱེད་པ་གནད་འགག་ཏུ་རྩིས་ཏེ། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ་དེ་བྱེད་ཐབས་སུ་བསྒྱུར་བ་དང་ནན་ཏན་གྱིས་འགན་འཁྲི་དངོས་འབེབས་བྱེད་པ་དེ་ཚད་གཞིར་བཟུང་སྟེ་མུ་མཐུད་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་མ་ལག་ཕྱོགས་ཡོངས་ནས་ཇེ་ལེགས་དང་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་དེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔོན་ཐོན་ས་ཁུལ་དང་དཔེ་སྟོན་ས་ཁུལ་དུ་གསར་འཛུགས་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག