མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཚོང་ལས་རང་བཞིན་གྱི་ས་ཁམས་རྩད་ཞིབ་མ་དངུལ་སྒོར་དུང་ཕྱུར15དངོས་འབེབས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-30 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་ས་ཁམས་རྩད་ཞིབ་ཐད་མ་དངུལ་སྒོར་དུང་ཕྱུར30དངོས་འབེབས་བྱེད་པའི་དམིགས་འབེན་ལེགས་འགྲུབ་བྱེད་ཆེད། ཉེ་ལམ། ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་གྱིས་འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ཏེ། ཚོང་ལས་རང་བཞིན་གྱི་ས་ཁམས་རྩད་ཞིབ་དངུལ་གཏོང་འབྲེལ་མཐུད་ཚོགས་འདུ་བསྡུས་ནས་ད་ལོའི་ཚོང་ལས་རང་བཞིན་གྱི་ས་ཁམས་རྩད་ཞིབ་མ་དངུལ་སྒོར་དུང་ཕྱུར15དངོས་འབེབས་བྱས།

ད་ལོར། མཚོ་སྔོན་གྱི་ས་ཁམས་རྩད་ཞིབ་མ་དངུལ་དམིགས་འབེན་ནི་མ་དངུལ་སྒོར་དུང་ཕྱུར30ཡིན། དམིགས་འབེན་འདི་ལེགས་འགྲུབ་བྱེད་ཆེད། ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་གྱིས་ཉེ་ལམ་དངུལ་གཏོང་ཁེ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁམས་རྩད་གཙོ་གཉེར་དོ་དམ་ཅུའུ། ཞིང་ཆེན་ནང་ཁུལ་གྱི་ས་ཁམས་རྩད་ཞིབ་ལས་ཁུངས29རྩ་འཛུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཚོང་ལས་རང་བཞིན་གྱི་ས་ཁམས་རྩད་ཞིབ་དངུལ་གཏོང་འབྲེལ་མཐུད་ཚོགས་འདུ་བསྡུས། འབྲེལ་མཐུད་བྱས་པ་བརྒྱུད། ལས་གཞི152དང་མ་དངུལ་སྒོར་དུང་ཕྱུར11.42དངོས་འབེབས་བྱས་པ་དང་། དེའི་ནང་ཁེ་ལས38གྱིས་ལས་གཞི109འགན་འཁུར་ཡོད་པ་དང་དེའི་མ་དངུལ་སྒོར་དུང་ཕྱུར10.21ཟིན་ཡོད། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་ལས་རང་བཞིན་གྱི་ས་ཁམས་རྩད་ཞིབ་ལས་གཞི་བསྡོམས་པས522ཐོག་མའི་དངོས་འབེབས་བྱས་ཤིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར15.42ལ་སླེབས་ཡོད། དེར་བརྟེན་ད་ལོར་ཞིང་ཆེན་ཡོངས་ཀྱི་ས་ཁམས་རྩད་ཞིབ་ཐད་དངུལ་གཏོང་སྤྱི་འབོར་སྒོར་དུང་ཕྱུར31.42ཡས་མས་ལ་སླེབས་ཡོད་པ་དང་དེའི་ནང་ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར9.5ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག